གསར་སྤེལ་ཟིན་བྲིས།

གཟའ་སྤེན་པ།, 11 /07/ 2015 14:25

ཅི་བྱེད་འདི་བྱེད་མི་ཤེས་ཀི

ཟིན་བྲིས་པ། 
ཀློག་པ་པོས་རྩོམ་ཡིག་ལེགས་འདེམས་བྱེད་གནས།
(0 འོས་གྲངས།)
ཅི་བྱེད་འདི་བྱེད་མི་ཤེས་ཀི

ལག་པ་མི་ཁོམ་རི་མོ་འབྲི།།
སེམས་པ་མི་ཁོམ་ཁྱེད་རང་དྲན།།
ལུས་པོ་མི་ཁོམ་ལང་བསྡད་ཀྱིས།།
མི་བུ་ང་ལ་བྲེལ་འཚབ་བྱིན།།

ལས་ཀ་ཚར་གྲབ་བཞག་གྲབ་ཡོད།།
སེམས་པ་སྐྱོ་གྲབ་སྨྲེང་གྲབ་ཡོད།།
ལྷོ་ཡི་ཕྱོགས་ནས་འགྲོ་གྲབ་ཡོད།།
ཁྱེད་ལ་བདེ་མོ་འཇོག་གྲབ་ཡོད།།

འདས་དོན་དྲན་ན་ཡ་མཚན་གི།
ད་ལྟ་བསམ་ན་ཡིད་དགའ་གི།
མ་འོང་བསམ་ན་སེམས་སྐྱོ་ཀི།
བསམ་བློ་གཏོང་སྟངས་མི་ཤེས་ཀི།

ཁྱེད་རང་བསམ་ན་སེམས་སྨྲེང་གི།
ང་རང་བསམ་ན་ཡིད་སྡུག་གི།
བརྩེ་བ་བསམ་ན་འཇོག་དཀའ་གི།
མི་ཚེ་བསམ་སེམས་འཚབ་ཀི།

གནས་སྐབས་ཙམ་གྱི་དགའ་བ་འདི།།
ཡུན་ཐུང་ཙམ་གྱི་བདེ་བ་རེད།།
གནས་འདི་ཙམ་ལས་སྐྱུར་འདོད་ཀྱང་།།
སེམས་འདི་ཙམ་གྱིས་བསྒྱུར་དཀའ་ཀི།

མི་ལ་བཤད་ན་ངོ་ཚ་གི།
རང་ལ་བཤད་ན་དགོད་བྲོ་གི།
མ་བཤད་བསྡད་ན་མི་བདེ་གི།
ཅི་བྱེད་འདི་བྱེད་མི་ཤེས་གི།

༼༡༡/༧/༢༠༡༥༽
ཀློགས་གྲངས། 1835 .. མཐའ་མའི་བཟོ་བཅོས། གཟའ་སྤེན་པ།, 11 /07/ 2015 14:29
གནམ་བུ།



མཛེས་མ
ཨ་རག་
རྩེ་མོ་་་གསུམ་
ང་ཡི་དགའ་ས་ཡིན།
ངོ་དེབ་
སྐད་ཕྲིན
ཀ་རྩོམ་་་་གསུམ་
ང་ཡི་སྐྱོ་གྲོགས་ཡིན།

དྲ་རྒྱ། www.changsa.net
ནང་འཛུལ་བྱས་ཏེ་ཀློག་མཆན་སྤེལ།