གསར་སྤེལ་ཟིན་བྲིས།

གཟའ་ཉི་མ།, 12 /07/ 2015 20:22

ང་རང་ཡར་ཡར་འགྲོ་དུས།

ཟིན་བྲིས་པ། 
ཀློག་པ་པོས་རྩོམ་ཡིག་ལེགས་འདེམས་བྱེད་གནས།
(0 འོས་གྲངས།)
ང་རང་ཡར་ཡར་འགྲོ་དུས།།

ང་རང་ཡར་ཡར་འགྲོ་དུས།།
ཁྱེད་རང་མར་མར་སླེབས་ཀི།
སེམས་པ་ཕར་ཕར་ཤོར་དུས།།
འཛུམ་མདང་ཚུར་ཚུར་སྟོན་གི།

བརྩེ་བ་ཆེ་ཆེར་འགྲོ་དུས།།
ཚུར་ལ་བྱམས་བྱམས་བྱས་སོང་།།
ནང་ལ་ཡང་ཡང་སྒུག་དུས།།
ཐུག་གི་མང་མང་སླེབས་སོང་།།

ཁ་པར་མང་མང་བཏང་ཡང་།།
ལེན་པ་ཉུང་ཉུང་བྱས་སོང་།།
འཕྲིན་པ་ཡང་ཡང་བྲིས་ཀྱང་།།
ལན་པ་དཀོན་དཀོན་ཆགས་སོང་།།

སེམས་པ་སྐྱོ་སྐྱོ་ཆགས་དུས།།
སེམས་གསོ་ཐོབས་ཐབས་མི་འདུག།
བསམ་བློ་ཡང་ཡང་བཏང་ཡང་།།
ཐབས་ཤེས་གན་གན་མི་འདུག།

ང་ནི་ཕར་ཕར་འགྲོ་དུས།།
སེམས་པ་ཕྱིར་ཕྱིར་འཁོར་གི།
ཁྱེད་རང་དྲན་དྲན་བྱུང་དུས།།
མིག་ཆུ་མར་མར་ལྷུང་སོང་།།
༼༡༢/༧/༢༠༡༥༽
ཀློགས་གྲངས། 2213 .. མཐའ་མའི་བཟོ་བཅོས། གཟའ་ཟླ་བ།, 13 /07/ 2015 11:23
གནམ་བུ།



མཛེས་མ
ཨ་རག་
རྩེ་མོ་་་གསུམ་
ང་ཡི་དགའ་ས་ཡིན།
ངོ་དེབ་
སྐད་ཕྲིན
ཀ་རྩོམ་་་་གསུམ་
ང་ཡི་སྐྱོ་གྲོགས་ཡིན།

དྲ་རྒྱ། www.changsa.net
ནང་འཛུལ་བྱས་ཏེ་ཀློག་མཆན་སྤེལ།