གསར་སྤེལ་ཟིན་བྲིས།

གཟའ་ལྷག་པ།, 15 /07/ 2015 13:06

ཉིན་ཐོ་སྔ་གཞུག

ཟིན་བྲིས་པ། 
ཀློག་པ་པོས་རྩོམ་ཡིག་ལེགས་འདེམས་བྱེད་གནས།
(0 འོས་གྲངས།)
ཉིན་ཐོ་སྔ་གཞུག

ཀ་བ་བཞིན་དུ་འགྲེང་བའི་མཇེ་ངན་འདི།།
ཁ་རྐུབ་གཞང་སོགས་གང་ཡང་བཀག་འགོག་མེད།།
ག་འདྲ་བྱས་ན་སྐྱིད་པའི་ཐབས་ལ་མཁས།།
ང་དང་མོ་ཡི་དེ་རིང་ཉིན་ཐོ་ཡིན།།

ཅ་ཅོག་སྒྲོག་པའི་སྐད་ལ་མ་བྱང་ཞིང་།།
ཆ་ལུགས་དམར་ཧྲེང་སོགས་ལ་མ་གོམ་པའི།།
ཇ་ཡུན་ཙམ་ལ་བསྟེན་པའི་ཆགས་སྤྱོད་འདི།།
ཉ་སྟོང་དུས་མཆོད་སྐབས་ཀྱི་སྔ་གཞུག་ཡིན།།

ཏ་ལེན་བཞིན་དུ་འདོད་པ་མི་མཉམ་ཞིང་།།
ཐ་དག་ནག་ཁོང་ནང་ནས་བསྐྱལ་བ་ཡི།།
ད་ལྟ་བར་དུ་སྤྱད་པའི་འདོད་པ་དེ།།
ན་སོ་གཞོན་པའི་གྱོང་གུད་ཟིན་ཐོ་ཡིན།།

པ་པོ་མི་བྱེད་ལྕེ་ཡང་མི་གཞིབ་པར།།
ཕ་མའི་འགྲམ་དུ་མཚན་ལ་ཁུ་སིམ་པས།།
བ་འཇོ་མཁན་གྱི་བུ་མོར་འཛེགས་པ་ནི།།
མ་རྒྱུད་རྩ་ནས་འཁྲབ་པའི་རྣམ་ཐར་ཡིན།།

ཙ་ཀི་ལི་ཡི་དཀྱིལ་འཁོར་བསྐོར་བ་དང་།།
ཚ་རོང་བླ་མ་བསྟེན་པའི་ལོ་ཟླ་སོགས།།
ཛ་ཡའི་གསུང་ལ་བལྟས་པའི་ཉི་མ་དག།
ཝ་མོ་ཁེར་རྐྱང་བསྡད་པའི་ཟིན་ཐོ་ཡིན།།

ཞ་ལ་ཝ་མོ་གྱོན་ཏེ་བག་སྟོན་ལ།།
ཟ་མ་ཤ་དང་ཆང་གིས་མི་ངོམ་པར།།
འ་ཅག་བུ་དང་བུ་མོའི་རྩེད་འཇོ་དེ།།
ཡ་ཆུང་སྟོད་ལ་བཞག་པའི་དྲན་ཤིང་ཡིན།།

ར་ལུག་འཚོས་པའི་ཉི་མའི་ཚུན་ཆོད་ནས།།
ལ་ལུང་སྤང་པའི་དེ་རིང་ཕན་ཆད་དུ།།
ཤ་ཟས་རྒྱོ་ལ་མ་རོལ་བསམ་པ་མེད།།
ས་ཆ་འདི་ནས་ཁྱེད་ཚོར་བཀའ་དྲིན་ཞུ།།

ཨ་མའི་ཁོག་ནས་ལྷུང་བ་དེའི་ཆེད་མིན།།
ཧ་བཟང་བུ་ཡི་འཇོན་ཐང་དེ་མིན་ཡང་།།
འཇིན་རྟེན་འདི་ཡི་སྐྱེས་པ་ཞིག་ཡིན་ན།།
རང་ང་རང་ང་བསྡད་ན་འགྱོད་པ་ཆེ།།
༢༥་༤་༢༠༡༤།
ཀློགས་གྲངས། 2183 ..
གནམ་བུ།



མཛེས་མ
ཨ་རག་
རྩེ་མོ་་་གསུམ་
ང་ཡི་དགའ་ས་ཡིན།
ངོ་དེབ་
སྐད་ཕྲིན
ཀ་རྩོམ་་་་གསུམ་
ང་ཡི་སྐྱོ་གྲོགས་ཡིན།

དྲ་རྒྱ། www.changsa.net
ནང་འཛུལ་བྱས་ཏེ་ཀློག་མཆན་སྤེལ།