གསར་སྤེལ་ཟིན་བྲིས།

གཟའ་ཟླ་བ།, 20 /07/ 2015 16:50

ཨ་རག༼༩༽

ཟིན་བྲིས་པ། 
ཀློག་པ་པོས་རྩོམ་ཡིག་ལེགས་འདེམས་བྱེད་གནས།
(0 འོས་གྲངས།)
ཨ་རག  ༼༩༽

ཨ་རག་མི་འཐུང་རང་འཐུང་རེད།
ཧ་ཅང་གི་སྐྱོ་སོང་སེམས་པ་འདི།

ས་ཆའི་མིང་ལ་སྦེལ་ཀོབ་ཟེར།
ཤ་ཚ་བའི་བུ་མོ་ཞིག་ལ།
ལ་ལ་དང་མི་འདྲ་པའི་བརྩེ་བ་སྤྲོད་དུས།
ར་བཟིའི་ཟློས་གར་ཡང་ཡང་འཁྲབ་དགོས་བྱུང་།

ཡ་ཆུང་སྟོད་ལ་འཇག་པ་དེ།
འ་ཅག་ལ་ཆགས་པའི་བརྩེ་བ་དེ་ཅི་ལ་མིན།
ཟ་དུས་འཐུང་དུས་དང་།
ཞ་གོས་མཛེས་ཆས་སྤྲས་དུས་ཡང་ཡང་དྲན་ཤིང་དུ་གྱུར་སོང་།

ཝ་གདོང་ལ་མང་མང་བལྟས་ཞིང་།
ཛ་གད་གྱིས་ར་རོར་གྱུར་དུས།
ཚ་བ་འབར་ཞིང་རྔུལ་ཆུས་བརླན་པ་དང་།
ཙ་ར་བཅད་པ་ལྟར་སྐད་ཅོར་ཡང་ཡང་བརྒྱབ་མྱོང་།

མ་བཞག་ཐབས་མེད་དུ་གྱུར་ཏེ།
བ་ཕྲུག་ལྟར་སྙིང་རྗེ་བའི་ཡུལ་དུ་གྱུར་དུས།
ཕ་ཀི་ནས་ཁ་པར་དང་འཕྲིན་ཐུང་མང་མང་བཏང་བྱུང་ཡང་།
པ་སངས་ལྟ་བུའི་སེམས་པ་འཛིན་མ་ཐུབ་པར་དགོངས་སེལ་ཞུ།

ན་ནིང་ལོ་མཇུག་ནས་བཟུང་།
ད་ལྟའི་བར་ཏུ་ངས་ཁྱེད་ལ་བརྩེ་བ་སྤྲད།
ཐ་ན་ངས་ཁྱེད་ཀྱིས་ཅི་འདོད་འདོད་སྒྲུབ་པ་ཡིན་མོད།
ཏ་སྒུར་བཞིན་སྡོད་དགོས་པ་འདི་སོ་སོའི་ལས་དབང་ཞིག་ཡིན་ས་རེད།

ཉ་མོ་དང་འདྲ་བའི་སྙིང་སྡུག་ལགས།
ཇ་གང་མཉམ་དུ་འཐུང་མ་ཐུབ་པའི་དེ་རིང་།
ཆ་མི་མཉམ་པའི་བརྩེ་དུང་ཟེར་བ་འདི།
ཅ་དག་ཅིག་མིན་པས་མི་འཇོག་ཐབས་མེད་རེད་སོང་།

ང་ག་དུས་ཡིན་ཡང་ཁྱེད་ལ་དགའ།
ག་དུས་ཡིན་ཡང་ངས་ཁྱེད་རང་བརྗེད་མི་སྲིད།
ཁ་ཚིག་སྐམ་པོ་འདིས་ཁྱེད་ལ་བདེ་མོ་འཇོག
ཀ་ཁ་སུམ་ཅུ་འདིས་ཁྱེད་ལ་སྐྱེལ་མ་བྱེད།

དགོངས་དག
སྙིང་སྡུག་ལགས།

༼༡༩-༧-༢༠༡༥༽
ཀློགས་གྲངས། 3351 ..
གནམ་བུ།



མཛེས་མ
ཨ་རག་
རྩེ་མོ་་་གསུམ་
ང་ཡི་དགའ་ས་ཡིན།
ངོ་དེབ་
སྐད་ཕྲིན
ཀ་རྩོམ་་་་གསུམ་
ང་ཡི་སྐྱོ་གྲོགས་ཡིན།

དྲ་རྒྱ། www.changsa.net
སྡེ་ཚན་ནང་དུ་ད་དུང་ཡོད། « ཨ་མ་དྲན་ཐེངས་རེ་ལ། ཨ་རག༼༡༠༽ »
ནང་འཛུལ་བྱས་ཏེ་ཀློག་མཆན་སྤེལ།