གསར་སྤེལ་ཟིན་བྲིས།

གཟའ་ལྷག་པ།, 22 /07/ 2015 10:52

ཨ་རག༼༡༠༽

ཟིན་བྲིས་པ། 
ཀློག་པ་པོས་རྩོམ་ཡིག་ལེགས་འདེམས་བྱེད་གནས།
(0 འོས་གྲངས།)
ཨ་རག༼༡༠༽


༧སྟོན་པ་ལགས།

ཀ་དག་མ་དག་མི་ཤེས།
ཁ་མིན་སྙིང་ལ་བསྐོས་པའི་རི་མོ་འདི།
ག་འདྲ་བསམ་ཀྱང་གང་ནས་བལྟས་ཀྱང་།
ང་དད་ས་ལྷ་ཟེར་ན་མགོན་ཟེར་ན་ཁྱེད་རང་རེད་འདུག

༧སྟོན་པ་ལགས།

ཅ་ནེ་བཟུང་།
ཆ་ཚང་བའི་གྲྭ་ཆས་མནབས།
ཇ་མཆོད་འདོན་བཞིན།
ཉ་སྟོང་དུས་མཆོད་སོགས་བྱེད་མ་ཐུབ་པས་ཅུང་ཙམ་སྐྱོ་སོང་།

༧སྟོན་པ་ལགས།

ཏ་ཐཱ་ག་ད།
ཐ་ན་མཚན་ཙམ་ཐོས་པ་འང་།
ད་ལྟ་བསམ་ན་ལས་ཆེན་ལོས་ཡིན།
ན་སོ་གཞོན་དུས་བསམ་ན་རྨི་ལམ་ཞིག་དང་འདྲ་འདུག

༧སྟོན་པ་ལགས།

པ་ར་མི་ཏ་ཀློག་དུས།
ཕ་ཚབ་བུ་ཡིས་མ་འཇོན་ཐ་བསམ་ན།
བ་གླང་དང་གཅིག་པ་རེད་འདུག་ང་།
མ་གཞི་ནས་ལས་དབང་ལ་ཁག་འཇོག་ཁ་བྱེད་ཀོ

༧སྟོན་པ་ལགས།

ཙ་ཡ་མིན་ན་ཡིན་མདོག་དང་།
ཚ་གྲང་མུ་ཐུབ་ན་ཐུབ་མདོག་ལ་ང་མི་དགའ་ཡང་།
ཛ་ཡའི་གསུང་ལ་བལྟས་པས་ཡིན་ས་རེད།
ཝ་མོ་འདྲ་བའི་གཡོ་སྒྱུ་ཁྲམ་གསུམ་དེ་རྩ་བ་ནས་བྱེད་མ་མྱོང་།

༧སྟོན་པ་ལགས།

ཞ་ར་ཞ་བོ་སོགས་སྐྱོ་བོ་ལ།
ཟ་མ་དང་སྒོར་རྡོག་རེ་སྟེར་གིན་ཡོད།
འ་ཅག་རྒན་གཞོན་བར་གསུམ་སུ་ཡིན་ཡང་།
ཡ་རབས་ཉམས་ཆུང་གིས་སྐད་ཆ་བཤད་གིན་ཡོད།

༧སྟོན་པ་ལགས།

ར་བ་གངས་ཅན་ནས་སྐྱེས་ཤིང་།
ལ་ལུང་རྒྱ་གར་ནས་རྒས་ཀྱང་།
ཤ་རུས་ལས་གྲུབ་པའི་ཕུང་པོ་འདི།
ས་ཆ་གང་དུ་ཡོད་ཀྱང་དད་མི་འགྱུར་ཁྱེད་ལ་ཡོད།

༧སྟོན་པ་ལགས།

ཨ་རག་འཐུང་དུས་ཀྱང་དད་པ་གླེང་ན།
ཧ་ལས་པའི་གླེན་རྟགས་ཤིག་ཡིན་ན་ཐང་གོ་དགོངས་དག

༼༢༡/༧/༢༠༡༥༽
ཀློགས་གྲངས། 2435 .. མཐའ་མའི་བཟོ་བཅོས། གཟའ་ལྷག་པ།, 22 /07/ 2015 10:55
གནམ་བུ།



མཛེས་མ
ཨ་རག་
རྩེ་མོ་་་གསུམ་
ང་ཡི་དགའ་ས་ཡིན།
ངོ་དེབ་
སྐད་ཕྲིན
ཀ་རྩོམ་་་་གསུམ་
ང་ཡི་སྐྱོ་གྲོགས་ཡིན།

དྲ་རྒྱ། www.changsa.net
ནང་འཛུལ་བྱས་ཏེ་ཀློག་མཆན་སྤེལ།