གསར་སྤེལ་ཟིན་བྲིས།

གཟའ་ཉི་མ།, 31 /01/ 2016 18:08

སྒོ་ཐེམ་འདི་ནས།

ཟིན་བྲིས་པ། 
ཀློག་པ་པོས་རྩོམ་ཡིག་ལེགས་འདེམས་བྱེད་གནས།
(0 འོས་གྲངས།)
(ལང་ཚོ་ལ་བཏགས་པ།)



རྡུལ་གྱི་དྲེག་པ་སྙིང་ལ་ཁངས་བཞིན་འབྱོ།།
མི་ཡུལ་སྐྱེས་པའི་ལོ་རྒྱུས་བྲིས་སོ་ལོ།།



ག་ཤེད་མི་ཚོགས་རྒྱུས་ཏེ་ངོ་གདོང་འཕྲད།།
ནམ་ཞིག་གློ་བུར་གྱེས་རྗེས་རང་རང་བྲེལ།།



ཁྱི་སྐད་འུར་ཞིང་མཚན་ནམ་ལྷིང་མི་འཇགས།།
ཕྱིར་ལ་མུན་པས་མུན་པར་ཚང་ཁ་ཐེབ།།



སྲང་ལམ་མིག་ཆུས་གདུང་ཞིང་དགོད་སྒྲས་སྨྱོ།།
སྐྱེ་རྒ་ན་འཆིའི་ཚག་སྒྲས་ནམ་མཁའ་བསྒྲིབས།།



མི་ཚོགས་ཤར་ལ་ཁྲིད་སོང་ལྷོར་དེད་སོང་།།
སྙིང་གི་གཟེར་མའི་གཟེར་མ་བསྐྱར་དུ་འདེབས།།



ལག་གི་མེ་ཏོག་ཞིབ་བུར་བསལ་བའི་གཞུག།
སོ་སོའི་སྙིང་ལ་མཛའ་བ་གཅིག་ཀྱང་མེད།།
20151231ཉིན་བྲིས།
ཀློགས་གྲངས། 1041 .. མཐའ་མའི་བཟོ་བཅོས། གཟའ་ཉི་མ།, 31 /01/ 2016 18:16
མགྲིན་སྒྲ།

གྲེ་བ་གསང་ས།

ནང་འཛུལ་བྱས་ཏེ་ཀློག་མཆན་སྤེལ།