གསར་སྤེལ་ཟིན་བྲིས།

གཟའ་སྤེན་པ།, 13 /02/ 2016 21:52

ཚ་མོའི་མནོལ་སྟོན་ལ་རྟེན་འབྲེལ་ཞུ།

ཟིན་བྲིས་པ། 
ཀློག་པ་པོས་རྩོམ་ཡིག་ལེགས་འདེམས་བྱེད་གནས།
(0 འོས་གྲངས།)
ཚ་མོའི་མནོལ་སྟོན་ལ་རྟེན་འབྲེལ་ཞུ།

ཨ་མ་ནི་གངས་ཀྱི་རི་ཡིན།།
ཧ་ལོ་ནི་སྨུག་པོ་གདུང་ཡིན།།
ས་ཆ་ནི་རོང་འབྲོག་བཅུད་ཡིན།།
ཤ་ཚ་བའི་ཚ་མོ་ཚེ་རིང་།།

ལ་བ་ནི་གོས་ཆེན་སྔོ་ཁྲ།།
ར་ཆུང་ནི་དམར་གདན་ཉིས་སྐྱ།།
ཡ་ཆུང་གི་སྙིང་གི་ཕྱེད་ཀ།།
འ་ཅག་གི་ཚ་མོ་ཚེ་རིང་།།

ཟ་འཐུང་ནི་ཤ་མར་ཐུད་ཡིན།།
ཞ་གོས་ནི་ཚ་རུ་པགས་རྩག།
ཝ་ལོང་ནི་གསེར་དང་དངུལ་ཡིན།།
ཛ་ཡ་ཡི་ཚ་མོ་ཚེ་རིང་།།

ཚ་གདུག་གི་ཉི་མར་མ་གཞིས།།
ཙ་རི་ཡི་གནས་ལ་མ་འགྲིམ།།
ན་ནིང་ནས་གཅེས་གཅེས་ངང་གིས།།
ད་ལྟ་ནི་ཚ་མོ་མཚར་འདུག།

ཐ་མལ་གྱི་མི་དང་མི་འདྲ།།
ཏ་རིན་གྱི་རིགས་ལ་གཏོགས་སོ།།
ཉ་གང་གི་བརྩེ་བ་བཟུང་ནས།།
ཇ་མཆོད་དང་བཅས་ཏེ་བསྟོད་དོ།།

ཆ་ཚང་བའི་མི་ཚེའི་ནང་ལ།།
ཅ་དག་པའི་སྙན་པ་འབར་སྟེ།།
ང་ཚོ་ཡི་མིག་དཔེ་ཆགས་པར།།
ག་ལེར་ངས་སྨོན་ལམ་བཏབ་ཡོད།།

ཁ་བ་ཡི་བུ་མོ་ཁྱེད་རང་།།
ཀ་ར་དང་ཁ་མས་དགྱེས་ནས།།
མནོལ་སྟོན་གྱི་རྟེན་འབྲེལ་ཉིན་མོར།།
དགའ་དགའ་དང་སྤྲོ་སྤྲོ་གནང་རོགས།།

༼༢༠༡༦༽༼༢༽༼༡༣༽
ཀློགས་གྲངས། 760 .. མཐའ་མའི་བཟོ་བཅོས། གཟའ་སྤེན་པ།, 13 /02/ 2016 21:59
གནམ་བུ།



མཛེས་མ
ཨ་རག་
རྩེ་མོ་་་གསུམ་
ང་ཡི་དགའ་ས་ཡིན།
ངོ་དེབ་
སྐད་ཕྲིན
ཀ་རྩོམ་་་་གསུམ་
ང་ཡི་སྐྱོ་གྲོགས་ཡིན།

དྲ་རྒྱ། www.changsa.net
སྡེ་ཚན་ནང་དུ་ད་དུང་ཡོད། « སྒོ་ཐེམ་འདི་ནས། དེ་འདྲ་མ་བྱེད། »
ནང་འཛུལ་བྱས་ཏེ་ཀློག་མཆན་སྤེལ།