གསར་སྤེལ་ཟིན་བྲིས།

གཟའ་སྤེན་པ།, 02 /04/ 2016 22:55

དེ་འདྲ་མ་བྱེད།

ཟིན་བྲིས་པ། 
ཀློག་པ་པོས་རྩོམ་ཡིག་ལེགས་འདེམས་བྱེད་གནས།
(0 འོས་གྲངས།)
དེ་འདྲ་མ་བྱེད།
 
མིག་ལ་འཚེར་བའི་གོས་ཤིག་གྱོན་ནས།།
བློ་ལ་བྲིན་པའི་སྒྲུང་ཞིག་བཟོས་ནས།།
རྣ་ལ་སྙན་པའི་གསུང་ཞིག་བསྐྱོན་ནས།།
མགོ་སེར་དེ་ཚོ་མགོ་སྐོར་མ་གཏོང་།།
 
མདའ་རུ་དྲིལ་བུ་མཉམ་དུ་དཀྲོད་ནས།།
རྡོ་རྗེ་གཅོད་པ་དབྱངས་ལ་གྱེར་ནས།།
སྤྱན་ཟུང་བཙུམ་ནས་ཌོ་ལོར་བསྒོམ་ནས།།
ཆོ་ག་ཕྱག་ལེན་འཕྲོ་བརླག་མ་གཏོང་།།
 
ལས་ཀྱིས་འབྲེལ་བའི་ལུས་ཤིག་གཡུག་ནས།།
འབྲུག་པ་ཀུན་ལེགས་རྐང་རྗེས་དེད་ནས།།
མཁའ་འགྲོ་མ་ཡི་ཚོགས་ལ་རོལ་ནས།།  
བོད་པ་ཚང་གི་ས་བོན་མ་གཏོར།།
 
གཟུངས་མ་མཛེས་མའི་དཔུང་ལ་བསྟེན་ནས།།
ལུས་ཀྱི་ཕྱག་རྒྱའི་འཕྲུལ་འཁོར་བསྐོར་ནས།།
གསང་བ་སྔགས་ཀྱི་གོ་རྫོང་གཏོར་ནས།
རྡེ་རྗེ་འཆང་གི་རྒྱལ་ས་མ་འཕྲོག།
༢༥/༡༢/༡༢་ལ།
ཀློགས་གྲངས། 621 .. མཐའ་མའི་བཟོ་བཅོས། གཟའ་སྤེན་པ།, 02 /04/ 2016 23:03
གནམ་བུ།



མཛེས་མ
ཨ་རག་
རྩེ་མོ་་་གསུམ་
ང་ཡི་དགའ་ས་ཡིན།
ངོ་དེབ་
སྐད་ཕྲིན
ཀ་རྩོམ་་་་གསུམ་
ང་ཡི་སྐྱོ་གྲོགས་ཡིན།

དྲ་རྒྱ། www.changsa.net
སྡེ་ཚན་ནང་དུ་ད་དུང་ཡོད། « ཚ་མོའི་མནོལ་སྟོན་ལ་རྟེན་འབྲེལ་ཞུ།
ནང་འཛུལ་བྱས་ཏེ་ཀློག་མཆན་སྤེལ།