གསར་སྤེལ་ཟིན་བྲིས།

གཟའ་ཕུར་བུ།, 04 /06/ 2015 20:21

ཨ་རག ༦

ཟིན་བྲིས་པ། 
ཀློག་པ་པོས་རྩོམ་ཡིག་ལེགས་འདེམས་བྱེད་གནས།
(0 འོས་གྲངས།)
ཨ་རག༼༦༽

ཀ་ར་དང་
ཁ་ཟས་ཞིམ་པོ
ག་ཚོད་ཅིག་མདོག་ཀྱང་
ང་ནི་ཤ་ཆང་སྤང་མ་ཐུབ་པ་ཞིག་ཡིན།

ཅ་ནེ་ལག་ཏུ་བཟུང་བ་ནས
ཆ་ཚང་བའི་མི་ཚེ་ལ
ཇ་གང་འཐུང་བའི་ཡན་ཆོད
ཉ་ཤ་བྱ་ཤ་གཡག་ཤ་ར་ཤ་ལུག་ཤ་ལ་རོལ་བ་ཡིན།

ཏ་ལའི་བླ་མ་མཁྱེན
ཐ་ཆད་ང་
ད་དུང་དམར་ཟས་ལ་སྤྱོད་ན་ཨེ་འགྲིག་ག
ན་ནངས་ནས་བསམ་བློ་དེ་འདྲ་ཞིག་ཡང་ཡང་འཁོར་སོང་།

པ་སངས་ལྟ་བུ
ཕ་རོལ་གྱི་ཕྱོགས་ལ་བསམ་བློ་ཞིག་བཏང་ན
བ་མོ་དཀར་མོ་ནས་བཟུང་
མ་སེམས་ཅན་ཐམས་ཅད་རང་ཉིད་དང་འདྲ་པའི་སྲོག་ལྡན་རེད

ཙ་རིའི་ཡན་
ཚ་བ་རོང་གི་མན་ལ
ཛ་ཡའི་གསུང་གི་བདུད་བརྩི་ཁྱབ་ཡོད་ཀྱང་
ཝ་སྤྱང་ནང་བཞིན་ཤ་ཁྲག་ལ་དགའ་བ་འདི་ཅི་འདྲའི་ཕང་བ་ཞིག་མིན་ནམ

ཞ་ཕུད་མིག་བཙུམ་ནས་ཆོས་ཤིག་བྱས་ཀྱང་
ཟ་རྒྱུ་དེ་དམར་ཟས་ཡིན་ན་
འ་ཅག་གི་དགེ་བ་དེ་
ཡ་མཚན་ཅན་གྱི་དགེ་བ་ཞིག་མ་ཡིན་ནམ།

ར་བ་གངས་ཅན་གྱི་ལྗོངས་
ལ་ལུང་ཁུག་ཅོག་གི་མྱི་སུ་ཞིག་
ཤ་ཚ་དང་སྙིང་རྗེ་མེད་མཁན་མེད་ཚོད་རེད་
ས་ཐོག་འདིའི་སེམས་ཅན་ཉེས་མེད་དག་ལ་བྱམས་སྙིང་རྗེ་ཞིག་གཟིགས་རོགས།

ཧ་ཅང་གི་ཐབས་སྐྱོ་བ་དེ་
ཨ་མ་འདྲ་བའི་སེམས་ཅན་དག་གི་ཤ་ཟ་བ་འདི་རེད་འདུག

༢༥/༡༡/༡༤།
ཀློགས་གྲངས། 1640 ..
གནམ་བུ།



མཛེས་མ
ཨ་རག་
རྩེ་མོ་་་གསུམ་
ང་ཡི་དགའ་ས་ཡིན།
ངོ་དེབ་
སྐད་ཕྲིན
ཀ་རྩོམ་་་་གསུམ་
ང་ཡི་སྐྱོ་གྲོགས་ཡིན།

དྲ་རྒྱ། www.changsa.net
ནང་འཛུལ་བྱས་ཏེ་ཀློག་མཆན་སྤེལ།