གསར་སྤེལ་ཟིན་བྲིས།

གཟའ་པ་སངས།, 03 /07/ 2015 09:56

ཀ་ར་ལྟར་ཞིམ་པའི་འོ

ཟིན་བྲིས་པ། 
ཀློག་པ་པོས་རྩོམ་ཡིག་ལེགས་འདེམས་བྱེད་གནས།
(0 འོས་གྲངས།)
ཀ་ར་ལྟར་ཞིམ་པའི་འོ།

ཀ་ར་ལྟར་ཞིམ་པའི་འོ་ནི།
ཁ་མཆུ་གཉིས་ཤུགས་ཀྱིས་གཞིབ་པ་དེ་ཡིན་པས།
ག་ལེར་ངས་ཁྱེད་ཀྱི་འཇུམ་པར་འཐམ་དེ་བྲོ་བ་མྱོང་བ་ན།
ང་ནི་བདེ་དགའི་ཞིང་ཁམས་ན་ཡོད་པའི་སྣང་བ་སྐྱེས་སོང་།།

ཅ་ཅོ་ཡིས་བསྒྲགས་ན་ངོ་ཚ་རེད་ཟེར།
ཆ་ཡོད་ཆ་མེད་སུ་ཡིན་ཡང་།
ཇ་མ་ཆང་མའི་གདོང་ལ་འཛུམ་དོན་ཡང་།
ཉ་ཤ་བར་གྱི་དེའི་དོན་ཡིན་པ་ལས་གཞན་ཅི།

ཏ་རིན་ཚོ་དགའ་ས་དེ་ཡིན་ལ།
ཐ་ཆུང་ང་མོས་ས་འང་དེ་ཡིན།
ད་ཐེངས་ངས་བསམ་བློ་ཞིག་ལ།
ན་ཆུང་མ་ཁྱེད་ནི་བདེ་དགའི་གཏེར་སྒམ་ཞིག་རེད་འདུག

པ་ཕའི་དུས་ལ་དེ་འདྲ་ལེན་པོ་མེད་ཟེར་ཏེ།
ཕ་རོལ་གྱི་བསམ་བློ་གཏོང་སྟངས་ཤིག་རེད།
བ་རྫི་ནས་བཟུང་བཙུན་མོའི་བར།
མ་གཞི་ནས་བརྩེ་བ་གང་འདྲ་ཞིག་ལ་ཆགས་ཀྱི་ཡོད་པ་ངེས་གཏན་མེད།


ཙ་རི་ན་ཅིག་ཅིག་ཡོད་རེད་ཟེར།
ཚ་གྲང་མེད་ས་མེད་པས།
ཛ་དྲག་གི་མི་ཁ་ཞིག་མ་ཁུར་ནས།
ཝ་མོ་བཞིན་བྲོས་བསྡད་ན་ག་དུས་ཡིན་ཡང་འདོད་པ་འགྲུབ་ཐབས་མེད།

ཞ་ར་ཞ་བོ་ཡན་གྱིས།
ཟ་འཐུང་དང་འདོད་པ་བསྟེན་གྱི་ཡོད།
འ་ཅག་ཚང་མས་དུས་རྟག་ཏུ།
ཡ་རབས་ཡིན་མིན་འདི་ལ་བལྟས་པ་ཡིན་ན་ང་ཚོ་རྗེས་ལུས་རེད།

ར་རོ་ཡི་སྐད་ཆ་མིན་ཏེ།
ལ་ལུང་གི་རྒྱལ་ཁབ་གཞན་དག་ལ་ལྟོས་དང་།
ཤ་ཚ་དང་སྙིང་རྗེ་ཡོད་ན།
ས་ཆེན་འདིའི་ཐོག་ནས་ང་ཚོའང་ཀུ་ཡངས་ལ་བྱིན་ན་འགྲིག།

ཨ་མའི་བྱམས་བརྩེ་ཡིས་ང་ཚོ་བསྐྱེད་བསྲིངས་བྱས་པ་རེད།
ཧ་གོ་ན་ང་ཚོས་ཀྱང་བུ་ཕྲུག་གང་མང་མང་བཟོ་དགོས།
༼༣/༧/༢༠༡༥༽
ཀློགས་གྲངས། 1719 ..
གནམ་བུ།



མཛེས་མ
ཨ་རག་
རྩེ་མོ་་་གསུམ་
ང་ཡི་དགའ་ས་ཡིན།
ངོ་དེབ་
སྐད་ཕྲིན
ཀ་རྩོམ་་་་གསུམ་
ང་ཡི་སྐྱོ་གྲོགས་ཡིན།

དྲ་རྒྱ། www.changsa.net
ནང་འཛུལ་བྱས་ཏེ་ཀློག་མཆན་སྤེལ།