གསར་སྤེལ་ཟིན་བྲིས།

གཟའ་སྤེན་པ།, 02 /04/ 2016 22:46

ག་རེ་བྱས་ན། ངས་ཨ་མའི་དྲིན་ལན་འཇལ་ཐུབ།

ཟིན་བྲིས་པ། 
ཀློག་པ་པོས་རྩོམ་ཡིག་ལེགས་འདེམས་བྱེད་གནས།
(0 འོས་གྲངས།)
ག་རེ་བྱས་ན། ངས་ཨ་མའི་དྲིན་ལན་འཇལ་ཐུབ།

ཨ་མས་ང་
ཧ་ཅང་དྲན་གི་གསུང་གི

ས་ཐག་རིང་འདི་འདྲ་ཞིག་ན
ཤ་ཉེ་གཅིག་ཀྱང་མེད་ལ་བསྡད་ཡོད་ནོ
ལ་ནས་ཅི་ཞིག་གི་དོན་ཡིན་
ར་བ་གངས་ཅན་ན་ཅི་ཞིག་མེད་ཀི་གསུང་གི

ཡ་མཚན་དེང་སང་
འ་ཅག་གི་བུ་ཕྲུག་འདི་ཚོ
ཟ་འཐུང་འབེལ་ནའང་
ཞ་བཞག་ལྷམ་བསྐྱུར་བྱས་ནས་བུད་འགྲོ་གི་གསུང་གི

ཝ་སྤྱང་སོགས་ཀྱི་ཁ་ནས་ཐར་རུང་
ཛ་དྲག་གི་དོན་མང་པོ་ཞིག
ཚ་བ་ཚུབ་བེ་བྱས་ནས་བྱེད་ཀི
ཙ་ཡ་ཞིག་མིན་ན་དཀའ་ནི་རེད་གསུང་གི

མ་སེམས་ཅན་ཚོ་བསམ་ན་ཧྲ་གི་ར
བ་མི་བ་བྱས་ནས་དཀའ་ན་ཐང་ཡ
ཕ་རོལ་ནས་ཅི་ཞིག་ལ་འདུག་རྒྱུ
པ་ཕ་ཨ་མའི་གམ་དུ་ལོག་ཤོག་གསུང་གི

ན་བ་ཚ་བ་མ་བྱུང་གོང་
ད་ལྟ་བདེ་ཐོག་འདིར་ཕྱིར་ལ་ཤོག་ཡ
ཐ་ཆུང་ཁྱོད་ངར་ཐ
ཏ་ལའི་བླ་མར་མཇལ་ཚར་ན་དེས་ཆོག་ནི་རེད་གསུང་གི

ཉ་སྟོང་དུས་མཆོད་ལ
ཇ་ཕུད་རེད་མམཆོད་ནས་
ཆ་ཚང་ཅིག་རིལ་འཚམ་དུས་
ཅ་ནེ་གཅིག་གི་ཁ་ལ་མཉམ་དུ་འཛོམས་པར་གསོལ་་བ་འདེབས་ཀི་ཡོད་གསུང་གི

ང་ཨ་མའི་སེམས་ཀྱི་ཁུར་བོ་ཞིག་ཆགས་འདུག
ག་རེ་བྱས་ན་ངས་
ཁ་ཡོད་ལག་ཡོད་ཀྱིས་ཨ་མའི་དྲིན་ལན་འཇལ་ཐུབ
ཀ་རྩོམ་རེ་བྲིས་ནས་བསྡད་ན་ཅི་གང་མི་ཡོང་གི

༡༽༤༽༢༠༡༦༽
ཀློགས་གྲངས། 607 ..
གནམ་བུ།



མཛེས་མ
ཨ་རག་
རྩེ་མོ་་་གསུམ་
ང་ཡི་དགའ་ས་ཡིན།
ངོ་དེབ་
སྐད་ཕྲིན
ཀ་རྩོམ་་་་གསུམ་
ང་ཡི་སྐྱོ་གྲོགས་ཡིན།

དྲ་རྒྱ། www.changsa.net
སྡེ་ཚན་ནང་དུ་ད་དུང་ཡོད། « ཀ་ར་ལྟར་ཞིམ་པའི་འོ
ནང་འཛུལ་བྱས་ཏེ་ཀློག་མཆན་སྤེལ།