གསར་སྤེལ་ཟིན་བྲིས།

གཟའ་ལྷག་པ།, 25 /12/ 2013 17:21

གསལ་བཤད་ཁ་ཚ་དགོས་གཏུག་མ།

ཟིན་བྲིས་པ། 
ཀློག་པ་པོས་རྩོམ་ཡིག་ལེགས་འདེམས་བྱེད་གནས།
(2 འོས་གྲངས།)
བཀུར་འོས་པའི་བོད་ཀྱི་ཟིན་བྲིས་དྲ་བའི་ཟིན་བྲིས་པ་ཡོངས་སུ།

བོད་ཀྱི་ཟིན་བྲིས་དྲ་བ་སྒོ་འབྱེད་བྱས་ཏེ་དུས་ཡུན་ཟླ་འགའ་ལས་འགོར་མེད་ནའང་དེའི་རིང་དུ་ཟིན་བྲིས་པ་དྲུག་ཅུ་ལྷག་ལ་དཔྱད་ཞིབ་གང་ལེགས་བྱས་པ་བརྒྱུད་ས་མིག་སྤྲད་པ་དང་། དེ་དག་གི་ཁྲོད་དུ་བོད་གཞིས་སུ་བཞུགས་པའི་ཟིན་བྲིས་པའང་ཉི་ཤུ་ལྷག་ཡོད། དེ་བཞིན་དྲ་བ་འདིར་ཉིན་ལྟར་བོད་ཕྱི་ནང་གཉིས་ན་ལྟ་ཀློག་བྱེད་མཁན་གང་མང་ཡོང་གི་ཡོད་སྟབས་གང་ཐུབ་ཅི་ཐུབ་ཀྱིས་སྒྱུ་རྩལ་རྩོམ་རིག་གི་གླེང་སྟེགས་ཤིག་ལས་སྣེ་མང་ཉོག་འཛིང་གི་ཆབ་སྲིད་སྟེགས་བུ་ཞིག་ཏུ་འགྱུར་རྒྱུར་རེ་བ་བྱེད་ཀྱི་མེད།

ཀུན་གྱིས་ཤེས་གསལ་ལྟར། ཉེ་ལམ་ནས་བཟུང་བཙན་བྱོལ་ནང་མདོ་སྨད་སྤྱི་འཐུས་ཀྱི་བར་མའི་འོས་བསྡུ་སླེབས་ལ་ཉེ་བ་དང་། དེའི་སྐོར་ལ་སྐད་འཕྲིན་དང་དྲ་རྒྱ་སོགས་བརྒྱུད་ནས་ཁྱབ་བསྒྲགས་སྣ་ཚོགས་དང་། བསྒྲགས་གཏམ་སྣ་ཚོགས། རྩོམ་ཡིག་སྣ་ཚོགས། ངོ་སྤྲོད་སྣ་ཚོགས་སོགས་འབྱུང་གིན་པར་མ་ཟད། སྙུག་ཐོགས་པ་དག་གིས་ཁྱོད་ངན་ང་རྫིག་དང་འོས་མི་གན་དང་འདི་ཡི་བྱས་ཉེས་ཡ་གི་དང་མ་གི་སོགས་རྣོ་ངར་ཅན་གྱི་ཚིག་མཚོན་འདེབས་རེས་ཀྱང་མི་ཉུང་བ་ཞིག་བྱེད་ཀྱིན་འདུག་ཅིང་། ད་ལྟ་རླུང་བུ་ལྡང་ཕྱོགས་དེ་བོད་ཀྱི་ཟིན་བྲིས་དྲ་བར་ཡང་བསླེབས་འདུག དེར་བརྟེན། འདི་ག་རྩོམ་སྒྲིག་ཁང་གི་ངོས་ནས་ད་ནས་བཟུང་མདོ་སྨད་སྤྱི་འཐུས་ཀྱི་འོས་མི་དང་འོས་བསྡུའི་སྐོར་གྱི་རྩོམ་ཡིག་གང་འདྲ་ཞིག་ཡིན་རུང་གཏན་འགོག་བྱ་རྒྱུ་ཡིན།

མ་འོངས་པ་ནའང་འདི་ག་རྩོམ་སྒྲིག་ཁང་གི་ངོས་ནས་བཀའ་སྤྱིའི་འོས་བསྡུ་གང་འདྲ་ཞིག་སླེབས་ཀྱང་དྲིལ་བསྒྲགས་རིགས་བྱ་རྒྱུ་མིན་ལ། ཟིན་བྲིས་པ་རྣམས་ཀྱིས་ཀྱང་དྲ་བ་འདི་སྔར་བཞིན་སྒྱུ་རྩལ་རྩོམ་རིག་གི་གར་སྟེགས་ཤིག་ཏུ་འཇོག་རྒྱུ་ལས་ངྷ་སའི་ཆབ་སྲིད་ཀྱི་སྐད་ཆ་རྡབ་རྡིབ་དག་མི་སྤེལ་རྒྱུ་དང་། དྲ་བ་འདི་མུ་མཐུད་དེ་བོད་ཕྱི་ནང་གཉིས་ནས་ལྟ་ཀློག་ཐུབ་ཆེད་འདི་ག་རྩོམ་སྒྲིག་ཁང་གི་རེ་འདུན་ལྟར་ཟིན་བྲིས་རྣམས་ཁམས་གཙང་ཁོད་ཡངས་ཤིག་ཏུ་ཉར་རྒྱུར་རེ་བ་བྱེད་ཀྱིན་ཡོད།
བོད་ཀྱི་ཟིན་བྲིས་དྲ་བའི་རྩོམ་སྒྲིག་པས།
ཀློགས་གྲངས། 18981 .. མཐའ་མའི་བཟོ་བཅོས། གཟའ་ཕུར་བུ།, 26 /12/ 2013 10:52
ཨ་རིག་འགྱུར་མེད།

མི་རང་རང་ལ་རང་རང་གི་དགའ་ཕྱོགས་རེ་ཡོད་ཆོག་སྟེ། ང་ལའང་ང་རང་རང་གི་དགའ་ཕྱོགས་ཤིག་ཡོད་པས། སུ་གཅིག་གིས་ཀྱང་ངའི་དགའ་ཕྱོགས་ལ་ཐེ་གཏོགས་མི་བྱེད་པར་མཁྱེན། ཐུགས་རྗེས་གཟིགས།

དྲ་རྒྱ། www.changsa.net
ནང་འཛུལ་བྱས་ཏེ་ཀློག་མཆན་སྤེལ།