གསར་སྤེལ་ཟིན་བྲིས།

གཟའ་མིག་དམར།, 06 /08/ 2013 13:02

བོད་ཀྱི་ཟིན་བྲིས་སུ་ཞུགས་སྟངས་དང་སྒྲིག་གཞི།

ཟིན་བྲིས་པ། 
ཀློག་པ་པོས་རྩོམ་ཡིག་ལེགས་འདེམས་བྱེད་གནས།
(3 འོས་གྲངས།)
ཁ་སང་འདི་ག་བོད་ཀྱི་ཟིན་བྲིས་དྲ་བ་སྒོ་འབྱེད་བྱས་རྗེས། ཐག་ཪིང་ཐུང་གི་སྙུག་ཐོགས་པ་མི་ཉུང་བ་ཞིག་གིས་བོད་ཀྱི་ཟིན་བྲིས་དྲ་བའི་རྩོམ་སྒྲིག་པ་ཟུང་ལ་གློག་འཕྲིན་འབྱོར་ཏེ། བོད་ཀྱི་ཟིན་བྲིས་དྲ་ཚིགས་ཀྱི་སྐོར་མང་དུ་དྲིས་པ་དང་། ཟིན་བྲིས་སུ་ཞུགས་རྒྱུར་ཆ་རྐྱེན་གང་དག་ཡོད་མེད་བཅས་ལ་དོགས་འདྲི་གནང་བས། འདི་ནས་ཞིབ་གྲོས་བྱས་པ་བརྒྱུད་གཤམ་གྱི་དོན་ཚན་ཁག་གཏན་འབེབས་བྱུང་ཡོད།
དེ་བཞིན་ཟིན་བྲིས་སུ་ཞུགས་འདོད་ཡོད་ནའང་། ད་དུང་ཟིན་བྲིས་སུ་ཞུགས་རྒྱུར་བོད་ཡིག་རང་སྐྱ་འཕེར་མིན་གྱི་དབང་གིས་ཆ་རྐྱེན་མི་ལྡན་ཚེ། འདི་ནས་གནས་སྐབས་རིང་ས་མིག་མི་སྤྲོད་པ་དེ་འདྲ་ཡོང་སྲིད་ཅིང་། དེ་ནི་བོད་ཀྱི་ཟིན་བྲིས་དྲ་ཚིགས་འདི་སྤུས་ལེགས་ཁམས་གཙང་ཞིག་གི་ཆེད་ཁོ་ནར་དམིགས་པ་ཡིན་པས། དེ་དོན་དགོངས་འཇགས་ཡོང་བའི་རེ་སྐུལ་ནན་གྱིས་ཞུ་བ་ཡིན།
བོད་ཀྱི་ཟིན་བྲིས་སུ་ཞུགས་རྒྱུར་གཤམ་གསལ་ཆ་རྐྱེན་ཁག་ངེས་པར་ཚང་དགོས།
གཅིག གལ་སྲིད་སྐུ་ཉིད་བོད་ཀྱི་ཟིན་བྲིས་དྲ་བར་ཞུགས་འདོད་ཡོད་ཚེ། འདི་ག་རྩོམ་སྒྲིག་ཁང་གི་གཞུང་འབྲེལ་གློག་འཕྲིན་སྟེང་དེ་ལུགས་གསལ་བོར་འཁོད་པའི་སྙན་ཞུ་ཐུང་ངུ་ཞིག་དང་རང་ཉིད་ཀྱི་ལོ་རྒྱུས་མདོར་བསྡུས་ཤིག དེ་བཞིན་དུ་སྐུ་ཉིད་ཀྱི་དངོས་མིང་བཅས་ང་ཚོར་ངེས་པར་དུ་སྐུར་དགོས། འོན་ཀྱང་སྐུ་ཉིད་ཀྱི་ཆོག་མཆན་མེད་པར་མིང་དང་པར། ལོ་རྒྱུས་སོགས་གཞན་ལ་རྒྱུད་སྤྲོད་མི་བྱེད་རྒྱུར་འགན་ལེན་ཡོད།
གཉིས། གལ་སྲིད་སྐུ་ཉིད་ལ་ཟིན་བྲིས་སུ་རང་གི་སྙུག་མིང་བེད་སྤྱོད་གཏོང་འདོད་ཡོད་ཚེ། དེ་ལྟར་གནང་ཆོག་ཀྱང་འདི་ག་རྩོམ་སྒྲིག་ཁང་ལ་སྐུ་ཉིད་ཀྱི་དངོས་མིང་ངོ་མ་བཤད་དགོས།
གསུམ། སྐུ་ཉིད་ཀྱི་གློག་འཕྲིན་ཨང་དང་མཉམ་དུ་བྱུང་ན། ཁ་པར་ཨང་གྲངས་ཀྱང་བསྐུར་རོགས།
བཞི། གལ་སྲིད་ཟིན་བྲིས་སུ་སྐུ་ཉིད་ཀྱི་འདྲ་པར་ངོ་མ་བེད་སྤྱོད་གཏོང་འདོད་མེད་ཚེ། དེ་ལྟར་ཚབ་མཚོན་འདྲ་པར་བཞག་ན་ཆོག་མོད་ཀྱང་། འདི་ག་རྩོམ་སྒྲིག་ཁང་ལ་ངེས་པར་དུ་སྐུ་ཉིད་ཀྱི་ངོ་རྟགས་གསལ་བོར་ཆོད་པའི་འདྲ་པར་ཞིག་བསྐུར་དགོས།
ལྔ། སྙན་ཞུ་མཉམ་དུ་ཆེས་ཉུང་ནའང་རྩོམ་ཡིག་གསུམ་ལས་མང་བ་བསྐུར་དགོས་ལ། འདི་ག་རྩོམ་སྒྲིག་ཁང་གིས་དེ་གཞིར་བཟུང་གིས་ཞིབ་འཇུག་བྱས་པ་བརྒྱུད་སྐུ་ཉིད་བོད་ཀྱི་ཟིན་བྲིས་དྲ་བར་བཅུག་ཆོག
དྲུག གལ་ཏེ་སྐུ་ཉིད་ཀྱི་བོད་སྐད་ཡིག་རང་སྐྱ་འཕེར་མིན་གྱི་དབང་གིས་བོད་ཀྱི་ཟིན་བྲིས་སུ་ཞུགས་རྒྱུར་གནས་སྐབས་རིང་ཕྱིར་འཐེན་བྱ་དགོས་བྱུང་ཚེ། སྐུ་ཉིད་ཀྱིས་འདི་ག་རྩོམ་སྒྲིག་ཁང་གི་ལས་དོན་ལ་རྒྱབ་སྐྱོར་དང་། འདི་ག་རྩོམ་སྒྲིག་ཁང་གི་མཐའ་མའི་ཐག་གཅོད་ལ་བཀུས་བརྩི་གནང་རྒྱུ་རེ་བ་ཡིན། 
བོད་ཀྱི་ཟིན་བྲིས་དྲ་བའི་རྩོམ་སྒྲིག་པས།
ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༨ ཚེས་ ༥ ཉིན།
གློག་འཕྲིན་ནམ་ཡིག་ཟམ། This e-mail address is being protected from spambots, you need JavaScript enabled to view it
ཀློགས་གྲངས། 2868 .. མཐའ་མའི་བཟོ་བཅོས། གཟའ་མིག་དམར།, 06 /08/ 2013 15:03
ཨ་རིག་འགྱུར་མེད།

མི་རང་རང་ལ་རང་རང་གི་དགའ་ཕྱོགས་རེ་ཡོད་ཆོག་སྟེ། ང་ལའང་ང་རང་རང་གི་དགའ་ཕྱོགས་ཤིག་ཡོད་པས། སུ་གཅིག་གིས་ཀྱང་ངའི་དགའ་ཕྱོགས་ལ་ཐེ་གཏོགས་མི་བྱེད་པར་མཁྱེན། ཐུགས་རྗེས་གཟིགས།

དྲ་རྒྱ། www.changsa.net
ནང་འཛུལ་བྱས་ཏེ་ཀློག་མཆན་སྤེལ།