གསར་སྤེལ་ཟིན་བྲིས།

གཟའ་མིག་དམར།, 15 /10/ 2013 11:28

བོད་ཀྱི་ཟིན་བྲིས་དྲ་ཚིགས་ངོ་སྤྲོད་སྙིང་བསྡུས།

ཟིན་བྲིས་པ། 
ཀློག་པ་པོས་རྩོམ་ཡིག་ལེགས་འདེམས་བྱེད་གནས།
(1 འོས།)
altབོད་ཀྱི་ཟིན་བྲིས་ཞེས་པའི་དྲ་ཚིགས་འདི་ནི། ཉེ་ལམ་གསར་དུ་སྒོ་ཕྱེས་པའི་ཕྱི་ཕྱོགས་ཀྱི་རྩོམ་སྟེགས་གསར་བ་ཞིག་དང་། ཕྱི་ཕྱོགས་ཀྱི་སྒྱུ་རྩལ་རྩོམ་རིག་གི་དྲ་རྒྱ་ཐོག་མ་ཆགས་ཡོད། ཟིན་བྲིས་འདིར་བོད་ཕྱི་ནང་གི་རྒན་དར་གཞོན་གསུམ་གྱི་རྩོམ་པ་པོ་གང་མང་ཞིག་གི་སྙུག་རྩེ་ནས་བཞུར་བའི་སྙན་ངག་དང་། ལྷུག་རྩོམ། དཔྱད་རྩོམ། སྒྲུང་རྩོམ། འབོལ་རྩོམ་སོགས་སྒྱུ་རྩལ་རྩོམ་རིག་སྣ་ཚོགས་ཉིན་ལྟར་ཆད་མེད་དུ་སྤེལ་གྱིན་ཡོད་པས། རྒྱ་ཆེའི་བོད་ཕྱི་ནང་གི་ཀློག་མཁན་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད། དེར་བརྟེན་ཀློག་མཁན་དག་ལ་རྩོམ་ཡིག་དང་བསམ་ཚུལ་ཅི་ཞིག་ཡོད་ན་ངེད་དྲ་བར་ཕེབས་ཏེ་གསུངས་དང་། རང་དབང་གི་སྒོ་མོ་ཆེས་ཆེར་ཕྱེས་ཡོད།
གཞན་བོད་ཕྱི་ནང་གང་ནས་ཀྱང་། ངེད་དྲ་བར་ལྟ་ཀློག་ཐུབ་པར་མ་ཟད། རྩོམ་སྒྲིག་པས་ཆོག་མཆན་དང་འབྲེལ་རྩོམ་ཡིག་ཀྱང་སྤེལ་ཐུབ་པས། རྒྱ་ཆེའི་རྩོམ་པ་པོ་རྣམས་ཀྱིས་དེ་ལུགས་རྒྱབ་སྐྱོར་གནང་རོགས་ཞུ། གལ་སྲིད་ཁྱེད་ཉིད་ལ་བོད་ཀྱི་ཟིན་བྲིས་དྲ་ཚིགས་སུ་ཟིན་བྲིས་གཉེར་འདོད་ཡོད་ཚེ་གཤམ་གྱི་དྲ་བྱང་སྟེང་ཕེབས་ཏེ་སྒྲིག་གཞི་ལྟར་ང་ཚོར་འབྲེལ་བ་གནང་རོགས། http://tibetanblog.org/index.php/component/k2/item/95
བོད་ཀྱི་ཟིན་བྲིས་དྲ་བྱང་ནི། www.tibetanblog.org འབྲེལ་གཏུག་བྱེད་ས། This e-mail address is being protected from spambots, you need JavaScript enabled to view it
རྩོམ་སྒྲིག་པའི་འཕྲིན་ཕྲན་སྦྲེལ་གནས། atsenpo1

(བོད་ཀྱི་ཟིན་བྲིས་ངོ་སྤྲོད་སྙིང་བསྡུས་འདི་ནི་ཉེ་ཆར་གཞིས་བཞུགས་རྩོམ་པ་པོ་ཞོགས་འོད་ལགས་ཀྱིས་སྐད་འཕྲིན་གླིང་ཚོམ་ཞེས་པར་སྤེལ་བ་ཞིག་ཡིན་མོད། འདིར་དགོས་དབང་ཞིག་གིས་བསྐྱར་ཏུ་བཀོད་པའོ།། མཆན།)
བོད་ཀྱི་ཟིན་བྲིས་རྩོམ་སྒྲིག་པས།
ཀློགས་གྲངས། 17418 ..
ཨ་བཙན་པོ།

ཁོ་བོ་ནི་རང་རིགས་ལ་ཤ་ཞེན་ཆེ་ཞིང་རང་སྐད་ལ་དུངས་བ་ཟབ་པའི་མི་བུ་མགོ་མཁྲེགས་ཤིག་ཡིན། དེའི་ཕྱིར་ཁོ་བོ་ཡུམ་སྐད་གཙང་མ་བཤད་སའི་གྲུ་ཟུར་འདིར་ཐོན་ཡོད། འོན་ཀྱང་གྲུ་ཟུར་འདི་ནས་སྤྱི་ལ་ཕན་པའི་ལས་དོན་ཞིག་འགྲུབ་མིན་མི་ཤེས་མོད། སེམས་པ་རྣམ་དག་བཟུང་ཡོད།

དྲ་རྒྱ། www.dhomay.com / www.jonangwellbeing.org
ནང་འཛུལ་བྱས་ཏེ་ཀློག་མཆན་སྤེལ།