གསར་སྤེལ་ཟིན་བྲིས།

རས་གཟན་དམར་པོ།

རས་གཟན་དམར་པོ།

སྲིད་པའི་རྩེ་ལ་ཐར་བའི་ཐིག་ལེ་ཕབ།།
འཁོར་བའི་འཁྲིས་སུ་རི་བའི་ཆ་ལུགས་མཛད།།
རིག་པའི་བུ་ཆུང་ཆོག་ཤེས་སྒྲོག་གིས་བཏུལ།།
མི་ལ་རས་པའི་མཛད་བཟང་མཚར་བ་ལ།།


གཉུག་མའི་གཤིས་ཁམས་སྟོང་བའི་དབྱངས་སུ་བཏེཊ།།
གཡོ་མེད་ཏིང་འཛིན་བརྟན་གཡོའི་མཁའ་རུ་རྩེན།།
ལུང་རྟོགས་ཆོས་ཀྱི་འཇའ་རིས་རི་ལ་བརྐོས།།
ཐོས་པ་དགའ་ཡི་བྱས་རྗེས་མང་བ་ལ།།


རིགས་དྲུག་འགྲོ་བའི་བདེ་སྡུག་རི་ནས་བསྒོམས།།
བརྩེ་བའི་རླབས་རིས་མཛེས་པོ་འོད་དུ་འཁྲུངས།།
འགྱུར་མེད་ཐུགས་ཀྱི་བརྟན་ཚུགས་གཤིས་སུ་སྦྲུམ།།
ལྷོ་བྲག་སྒོམ་པའི་མཛད་རྗེས་མང་བ་ལ།།



སྐུ་ཡི་བཀོད་པ་ཀུན་རྫོབ་ཆས་སུ་སྤྲུལ།།
གསུང་གི་ཟབ་གནད་ཆོས་ཀྱི་རང་སྒྲས་འཁྱུད།།
ཐུགས་ཀྱི་ཉམས་རྟོགས་རིག་པའི་འཕྲུལ་དུ་སོན།།
རི་བ་མི་ལའི་ཡོན་ཏན་ལེགས་པ་ལ།།

     2014.5.1
གཟའ་ཕུར་བུ།, 16 /01/ 2014 00:05

࿐ངའི་སེམས་དཔའ་ཆེན་པོ།

___ཡིད་བཞིན་ནོར་བུ་དྲན་པ___
ཐོག་མ།སྔ་མ།12རྗེས་མ།མཐའ་མ།
ཤོག་ངོས་རྗེས་མ་དག་ཀློགས།