གསར་སྤེལ་ཟིན་བྲིས།

ཤར་གངས་ཕྲུག

ཤར་གངས་ཕྲུག

སྐད་འཕྲིན་ཨང་གྲངས1115899004
གཟའ་ཉི་མ།, 18 /05/ 2014 11:02

དེ་རིང་རེ་སྐོང་།

དེ་རིང་རེ་སྐོང་།
                        ࿐ཨ་ཤར།
འདུས་བྱས་རེག་མེད་བར་སྣང་སྟོང་པ།།
དྭངས་གསལ་མེ་ལོང་གཡུ་གཡུ་མདོག་ཁ།།
སྤྲིན་དཀར་གཞོན་ནུ་སྒེག་ཉམས་སྟོད་ས།།
ཆར་སྤྲིན་ནག་པོས་ཡོངས་སུ་དཀྲིགས་ཐལ།།

ལྷ་དང་ལྷ་མོ་མིག་གིས་སྤྱོད་ཡུལ།།
མི་དང་དུད་འགྲོས་འཕེལ་ཁ་རྒྱས་ས།།
སྡུག་ཀུན་འཇོམས་པའི་སྨན་ལྗོངས་གྲུ་བཞི།།
འདྲེ་སྲིན་སྤུན་བརྒྱད་ཡོངས་སུ་བཅོམ་ཐལ།།

བཟང་སྤྱོད་བྱ་བ་མྱིའི་གཤིས་མེ་ལོང་།།
ཡ་རབས་ལྡེ་མིག་བོད་པའི་མི་རྒྱུད།།
བྱམས་བརྩེ་སྙིང་རྗེ་ལྷན་སྐྱེས་འདུག་ས།།
ནག་རླུང་གྲིབ་མ་ཡོངས་སུ་གཞོམ་ཐལ།།

རོང་བོ་དགོན་ཆེན་ནང་བསྟན་ཕོ་བྲང་།།
དགུ་ཆུ་སྔོན་མོ་དྭངས་གསལ་མེ་ལོང་།།
ཤོག་པ་བཅུ་གཉིས་རྩ་བའི་ཕ་ཁྱིམ།།
ནག་མོ་འདྲེ་ཕྲུག་ཡོངས་སུ་བཟུང་ཐལ།།

2014-4-19ཉིན་དགུ་འདུས་པདྨོ་རོང་ནས།
གཟའ་ཉི་མ།, 18 /05/ 2014 11:01

ནད

༼ ནད། ༽
               ࿐ཨ་ཤར།
སྨན་པའི་དེད་དཔོན་ལྷ་རྗེ།།
ནད་ཀུན་འཇོམས་པ་སྨན་རྫས།།
འགྲོགས་སུ་གྱུར་བ་སྒོར་མོ།།
སྲོག་ལྡན་ཀུན་གྱི་སྐྱབས་ཡུལ།།

ཚེ་སྲོག་གཅེས་བ་སྲོག་ལྡན།།
གཅད་པར་བྱེད་པ་གཤིན་རྗེས།།
སྡུག་བསྔལ་བཀོད་པ་ཡིད་སེམས།།
སེལ་བར་བྱེད་པ་འཁོར་ཡུག།

མི་གསང་དབུགས་པ་ནད་དུག།
ནད་དུག་རྔུབ་པ་སྲོག་ལྡན།།
སྲོག་ལྡན་སྡུག་གི་གཞི་མ།།
གཞི་མ་འཁོར་བའི་རྩ་བ།།

ཁ་ཟས་ཐུན་མོང་རོ་མཆོག།
རོ་མཆོག་སྤྱོད་པ་ཚེ་གཅེས།།
ཚེ་གཅེས་དེ་ལས་ནད་འབྱུང་།།
འབྱུང་མིན་རྩ་བ་འཕྲོ་བསྟེན།།

དུས་ཀྱི་ཤི་འཕོས་མི་རྒན།།
ནད་རིགས་ཀུན་གྱི་གཞི་མ།།
ནད་རིགས་བཞི་བརྒྱ་རྩ་དྲུག།
ལས་ཀྱི་ལུས་ལ་ཕོག་གོ།

2014/4/11ཉིན།
གཟའ་ཉི་མ།, 18 /05/ 2014 11:00

ལུས

ལུས།

མུན་ནག་དོང་འོག་གི་སྦྲུལ་ཚང་འཁོར་ལོ།།
དམྱལ་གསུམ་གོང་མ་ཡི་འགྲོ་བ་མགོ་ནག།
སྲེད་པ་རྒྱ་མཚོ་ཡི་བདག་ཉིད་གནས་ཁམས།།
གང་ཞིག་སྐྱེ་འདོད་ཀྱི་དམིགས་འདུན་མ་བསམ།།

གསར་སྐྱེས་ཤ་ཁྲག་གི་ཕུང་བོ་གསར་བ།།
སྐད་ཙམ་སྐྱིད་སྐྱིད་ཀྱི་ལ་ཁའི་ཉི་མ།།
ཡོལ་བ་དངོས་གྲུབ་ཀྱི་ཞལ་རས་ནག་པོ།།
མི་འདོད་རང་འདོད་ཀྱི་སྡུག་བསྔལ་རུམ་གང་།།

མི་གསང་ཤ་ཁྲག་གི་ཕུང་བོ་ལུས་ངན།།
བདེ་བ་སྐད་ཅིག་ལས་མེད་པར་སྐྱོ་བ།།
སྲིད་པའི་སྡུག་བསྔལ་གྱི་རྡོག་ཁྲེས་ལྗིད་པོ།།
ནད་ངན་སྤྲིན་ནག་གི་ཞལ་རས་རྣལ་མ།།

རྔུལ་ཁྲག་ཟུང་འབྲེལ་གྱི་མེ་ཏོག་ཆུན་པོ།།
ཆགས་པའི་འཁོར་བ་ཡི་ལན་ཆགས་སྡེ་གཅིག།
ཉིག་ཞིག་ཕྱིར་མིག་གི་ཕྲེང་ཐག་བཅད་པ།།
ཟློག་མེད་འཁོར་བ་ཡི་ཆོས་ཀྱི་སྡུག་བསྔལ།།

༡༥/༣/༩ཉིན།
གཟའ་ཉི་མ།, 18 /05/ 2014 10:59

བཙུན་པ

བཙུན་པ


སྔོན་བྱོང་དམ་པའི་བདུད་རྩི་བསིལ་མ།།
གཞུང་ཆེན་པོད་ལྔའི་གསེར་གྱི་གླེགས་བམ།།
སྔ་ཕྱི་གཉིས་ཀའི་གཤིན་རྗེས་མེ་ལོང་།།
རྣམ་དག་བཙུན་པའི་སྙིང་གི་གཅེས་ལོ།།

འཇིག་རྟེན་གོ་ལའི་མངར་བསྐྱུར་རོ་མཆོག།
དུག་གསུམ་དུག་ཆང་དུག་ཁུ་ཁོལ་མ།།
སྐྱེ་འགྲོ་གང་གིས་ཟས་མཆོག་མངར་མོ།།
རྣམ་དག་བཙུན་པའི་གཙུག་གི་དགྲ་ཟླ།།

རིན་ཆེན་གསེར་དངུལ་འདོན་ཡོན་རྒྱ་མཚོ།།
མངར་གསུམ་དཀར་གསུམ་ཞལ་ཟས་མཆོད་པ།།
ཅི་འདོད་ལོངས་སྤྱོད་ཁ་ཆར་རྒོད་པོ།།
རྣམ་དག་བཙུན་པའི་བར་ཆད་རལ་གྲི།།

འདོན་ཆུང་ཆོག་ཤེས་འདོད་པ་ཆུང་ཆུང་།།
བྱ་ཉུང་དོན་ཉུང་ལུས་སེམས་དབེན་པ།།
ངུར་སྨུག་གཟན་ཤབས་རྟོགས་བརྗོད་རིང་མོ།།
རྣམ་དག་བཙུན་པའི་སྙིང་གི་རྒྱན་གཅིག།

དབེན་པས་གནས་མཆོག་དགའ་ལྡན་ཕོ་བྲང་།།
གཙུག་ཏུ་བཀུར་བ་ལྷད་མེད་དཀོན་མཆོག།
ཡིད་ལ་སྒོམ་པ་སེམས་ཅན་མཐའ་དག།
རྣམ་དག་བཙུན་པའི་སྙིང་གི་རྩེ་རྒྱན།།
གཟའ་སྤེན་པ།, 08 /02/ 2014 17:39

ཞེད་སྣང་།

ཞེད་སྣང་།
གཟའ་མིག་དམར།, 04 /02/ 2014 19:10

༼ སྤྲོ་ལྡོག ༽

༼ སྤྲོ་ལྡོག ༽
རང་ལོ་ཉེར་དྲུག་དང་ཉིས་སྟོང་བཅུ་གསུམ་བདེ་མོ་བྱོས།
ཁྱེད་ལ་སྤྲིངས་པའི་བརྩེ་འཕྲིན།
གཟའ་མིག་དམར།, 04 /02/ 2014 12:18

བྲལ་བའི་ཆོས།

བྲལ་བའི་ཆོས།
གཟའ་མིག་དམར།, 04 /02/ 2014 12:17

མི་ཚེ།

མི་ཚེ།
ཐོག་མ།སྔ་མ།123456789རྗེས་མ།མཐའ་མ།
ཤོག་ངོས་རྗེས་མ་དག་ཀློགས།