གསར་སྤེལ་ཟིན་བྲིས།

ཨ་རིག་འགྱུར་མེད།

ཨ་རིག་འགྱུར་མེད།

མི་རང་རང་ལ་རང་རང་གི་དགའ་ཕྱོགས་རེ་ཡོད་ཆོག་སྟེ། ང་ལའང་ང་རང་རང་གི་དགའ་ཕྱོགས་ཤིག་ཡོད་པས། སུ་གཅིག་གིས་ཀྱང་ངའི་དགའ་ཕྱོགས་ལ་ཐེ་གཏོགས་མི་བྱེད་པར་མཁྱེན། ཐུགས་རྗེས་གཟིགས།
དྲ་རྒྱའི་དྲ་འབྲེལ།: www.changsa.net
གཟའ་ཕུར་བུ།, 15 /05/ 2014 09:57

མཚན་མོའི་གསང་བ།

ཅི་ཙམ་སྤྱད་ཀྱང་ཚིམས་པ་མེད་ཅིང་། །
གཏི་མུག་གཉིད་ཀྱང་གཏིང་ནས་བོར་བའི། །
ངལ་རྒྱུ་དུབ་རྒྱུ་མེད་པའི་མཚན་འདི། །
སྟུ་རྩོམ་འདི་ཙམ་འབྲི་བའི་རྒྱུ་ཡིན། །
གཟའ་ཕུར་བུ།, 15 /05/ 2014 09:52

དྲིན་ཆེན་མ།

མངལ་དུ་ངལ་བས་ཁུར་མཁན་དྲིན་ཆེན་མ། །
དལ་འབྱོར་ལུས་རྟེན་གནང་མཁན་དྲིན་ཆེན་མ། །
བྱིས་དུས་བྱམས་ཀྱིས་སྐྱོང་མཁན་དྲིན་ཆེན་མ། །
གནམ་འོག་འདི་ཡི་དྲིན་ཆེན་དང་པོ་ཡིན། །
གཟའ་ཟླ་བ།, 28 /04/ 2014 17:14

རྒན་འབའ་སྲས།

རྩོམ་དང་བརྩམས་ཆོས་བཀླགས་ན། ། སྐྱེས་མ་མོ་ལ་དགའ་ཞིང་། །
དགའ་རོགས་བསྒྲིགས་རྒྱུར་མོས་པས། ། སྟུ་རྩོམ་མང་ཙམ་བརྩམས་འདྲ། །
གཟའ་མིག་དམར།, 08 /04/ 2014 15:48

ང་ཐང་འཆད་ཀྱིན་འདུག

ཆང་ས་ལོ་དེབ་གཉིས་པའི་རྩོམ་སྒྲིག་པའི་གཏམ།
ཆང་ས་རྩོམ་སྒྲིག་ཁང་གི་ཐོག་མའི་ལས་གཞི་སྟེ་ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༤ ཚེས་ ༡ ཉིན། ང་ཚོས་ཚོད་ལྟའི་ཚུལ་དུ་གཞོན་ནུའི་འགྱུར་ཁུགས་ཞེས་པའི་དྲ་རྒྱ་ཞིག་སྒོ་འབྱེད་བྱས་པ་དང་། དེ་ནས་ཅང་མ་འགོར་བར་གཞོན་ནུའི་འགྱུར་ཁུགས་ཚགས་པར་ཞེས་པ་ཞིག་ཀྱང་བཏོན་ནས་ཚོད་ལྟ་ཐེངས་ཤིག་བྱས་པ་ཡིན། དེ་ཆང་ས་རྩོམ་སྒྲིག་ཁང་གི་གོམ་སྟབས་ཐོག་མའང་རེད།
ང་ཚོས་ལས་ཀ་ཆེ་མ་ཆུང་གསུམ་གང་འདྲ་ཞིག་བྱེད་ཀྱིན་ཡོད་ནའང་། ཁྱོད་རང་གིས་སྒྲུབ་ཐུབ་པ་དང་ཤེས་འཇོན་གྱིས་འདང་བ་ཞིག་བྱེད་རྒྱུར་ངོ་ཚ་དགོས་བྱེད་པ་མ་རེད་ལ། འཛེམ་དོགས་ཀྱང་བྱེད་དགོས་པ་མ་རེད། དེའི་རྒྱུ་མཚན་ནི་ཁྱོད་ཀྱིས་རྐུ་འཕྲོག་བཅོམ་གསུམ་བྱས་ཏེ་རང་ཁ་གསོ་གིན་མེད་པའི་ཕྱིར་རོ། །
ཉེ་ལམ་བྱེས་སྡོད་བོད་རིགས་གཞོན་སྐྱེས་འགས་མ་བསྐུལ་དྭངས་བླངས་ཀྱིས་བྱེས་སྡོད་བོད་རིགས་གཞས་པ་རྣམས་ལ་གར་སྟེགས་གསར་བ་ཞིག་བསྐྲུན་འདུག་པ་ནི། “བོད་ཀྱི་རོལ་དབྱངས་བརྙན་འཕྲིན།” ཞེས་པ་ཞིག་གསར་འཛུགས་གནང་འདུག་པ་དེ་ཡིན།
གཡང་ཕྱུག་མཚོ་རྙེད་སྟངས་ཤིག་ཅེས་པ་ནི་ངས་གཡང་ཕྱུག་མཚོའི་ཐུན་མིན་གྱི་སྒྱུ་རྩལ་ལ་རོལ་མྱོང་བྱེད་སྟངས་ཤིག་ཀྱང་ཡིན་ནོ། །
གཟའ་ལྷག་པ།, 25 /12/ 2013 17:21

གསལ་བཤད་ཁ་ཚ་དགོས་གཏུག་མ།

མ་འོངས་པ་ནའང་འདི་ག་རྩོམ་སྒྲིག་ཁང་གི་ངོས་ནས་བཀའ་སྤྱིའི་འོས་བསྡུ་གང་འདྲ་ཞིག་ཀྱང་བྱ་རྒྱུ་མིན་ལ། ཟིན་བྲིས་པ་རྣམས་ཀྱིས་ཀྱང་དྲ་བ་འདི་སྔར་བཞིན་སྒྱུ་རྩལ་རྩོམ་རིག་གི་གར་སྟེགས་ཤིག་ཏུ་འཇོག་རྒྱུ་ལས་ངྷ་སའི་ཆབ་སྲིད་ཀྱི་སྐད་ཆ་རྡབ་རྡིབ་དག་མི་སྤེལ་རྒྱུ་དང་། དྲ་བ་འདི་མུ་མཐུད་དེ་བོད་ཕྱི་ནང་གཉིས་ནས་ལྟ་ཀློག་ཐུབ་ཆེད་འདི་ག་རྩོམ་སྒྲིག་ཁང་གི་རེ་འདུན་ལྟར་ཟིན་བྲིས་རྣམས་ཁམས་གཙང་ཁོད་ཡངས་ཤིག་ཏུ་ཉར་རྒྱུར་རེ་བ་བྱེད་ཀྱིན་ཡོད།
ཨ་སྤུན་གསུམ་སྟེ་རྭ་རྒྱ་བློ་དབང་དང་ཨ་རིག་དགེ་མཐོང་། ཨ་རིག་འགྱུར་མེད་བཅས་ཀྱིས་མཉམ་དུ་བརྩམས་པའི་སྙན་ཚོམ་ "དཀར་ངོགས་འཚོལ་བ་" ཞེས་པ་ཁ་སང་ཕྱི་ཚེས་ ༢༠ ཉིན་ལྡི་ལི་ནས་དངོས་སུ་ཁྲོམ་རར་བཀྲམས་པ་དང་། དཀར་ངོགས་འཚོལ་བ་ནི་ཨ་རིག་གླེན་པའི་ཚོར་འདུ་དང་ཚོར་བའི་ཐིགས་པ། སྒྲོལ་མའི་ཞགས་ཐག་བཅས་ཀྱིས་གྲུབ་པའི་སྙན་ངག་གི་དེབ་ཅིག་ཡིན་འདུག དེབ་འདིར་ཤོག་ངོས་ ༢༢༠ དང་རྩོམ་ཡིག་བདུན་བཅུ་ལྷག་ཡོད།
ཐོག་མ།སྔ་མ།123རྗེས་མ།མཐའ་མ།
ཤོག་ངོས་རྗེས་མ་དག་ཀློགས།