གསར་སྤེལ་ཟིན་བྲིས།


ཤ་དང་རུས་པའི་དྲོད་ལ་བཅར་བའི་ཚེ་རབས་ཤིག་གི་འབྲེལ་ཐོགས་ཚོ།།
བསྟར་ཕྲེང་ཆད་པའི་བྱ་ཁྱུ་དེ་བཞིན་རྨ་ཀླུང་སྔོན་མོའི་ཕྱོགས་སུ་འཐོར།།
མཆི་མས་ཡིད་ཀྱི་སྒོ་གླེགས་བརྡུངས་བའི་བརྗེད་མེད་ལོ་ཟླ་སྐྱུར་པོ་ཞིག།
དྲན་པའི་ཁབ་ཏུ་ཤེད་ཀྱིས་འདེགས་པའི་མི་རྐྱང་གར་འགྲོ་ཆ་མེད་ཡིན།།
སྲིན་འཛིན་ནཱེ་རཱོ་ཡིས་བརྩམས།
བུ་མོ་ལགས། ད་ནི་ངས་ཁྱེད་ལ་ཉེ་ལམ་རང་རྒྱལ་དུ་བྱུང་བའི་དོན་ཆེན་འགའ་འཆད་པར་བྱ། དེ་ཡང་ངེད་གཉིས་ཕྱི་ཕྱོགས་ཀྱི་གནས་ཚུལ་ལས་ཀྱང་སྤྲོ་སྣང་ཞིག་ངང་གིས་འཕེལ་སྲིད། ངས་ཐོག་མར་རང་ཉིད་ཀྱི་ནོར་འཛོལ་ལ་ཉེན་སྲུང་བྱ་དགོས་སྟབས། ལོ་རྒྱུས་ཀྱི་ཟབ་བརླིང་དང་ཞིབ་སར་མི་དཔྱོད་པར་བྱ། ཅི་སྟེ་ང་ཚོ་མི་སྒེར་སོ་སོའི་ཕྱོགས་རི་བའི་བློ་མོས་ཙམ་ལས་རིང་དུ་གྱེས་ཏེ་ངས་ཁྱོད་རང་ལ་བརྗོད་པ་ཇི་བཞིན་དུ། ཉི་མ་དེ་རིང་གི་རྒྱ་གར་འདི་ཉིད་ཀྱང་འཇིག་རྟེན་སྟེང་གི་ཆེས་བཟློག་པར་དཀའ་བའི་རྙོག་ཟིང་གི་ཁྲོད་ལྟུངས་པའི་རྒྱལ་ཁབ་ཅིག་ཡིན་པའི་ཁར། བཙན་རྒྱལ་རིང་ལུགས་ཀྱི་དབང་བསྒྱུར་ཐེབས་པའི་མཚོན་དཔེ་འཁྲུལ་མེད་ཅིག་ཀྱང་ཡིན་པ་རེད། དབྱིན་ཇིའི་བཙན་རྒྱལ་རིང་ལུགས་ཀྱི་སྒྲིག་གཞི་ཧྲིལ་བོ་ཞིག་རྒྱ་གར་བའི་སྟེང་བཙན་འཇོག་བྱས་པའི་མཐུས། རྒྱལ་ཁབ་གཞན་དག་གིས་ཀྱང་དབྱིན་ཇི་སྲིད་གཞུང་ལ་ལད་ཟློས་བྱས་ཏེ་བཙན་རྒྱལ་གྱི་ལམ་དུ་བསྐྱོད་པའི་སྟ་གོན་བགྱིས་པ་རེད།

དང་པོ། བྱིས་པར་དངོས་པོ་སྲ་མོར་སོ་འདེབས་སུ་འཇུག་མི་རུང་། 

གཉིས་པ། ཟ་མ་ཞིབ་བུར་ལྡད་དེ་ཟ་མ་དང་མཆིལ་མ་གཉིས་འདྲེས་ནས་མིད་དུ་བཅུག་ན་སོ་ལ་གནོད་པ་མེད་པར་མ་ཟད། ཟ་མའང་ཞུ་ཐུབ་པ་ཡིན། 

གསུམ་པ། བྱིས་པའི་སོ་ནི་ལོ་དྲུག་ཡས་མས་ནས་བཟུང་བཀྲུ་ཆོག་ལ། ཉིན་རྒྱུན་ཞོགས་པ་དང་མཚན་མོ་ཉལ་ཁར་སོ་བཀྲུ་བ། ཟ་མ་ཟོས་རྗེས་ཁ་བཤལ་བ་བཅས་བྱེད་དགོས། དེང་སྐབས་ཞོགས་པར་སོ་བཀྲུ་བ་དེ་མི་རྣམས་ལ་གོམས་ཡོད་མོད། འོན་ཀྱང་དགོང་མོ་ཉལ་ཁར་སོ་བཀྲུ་བ་དེའང་ཧ་ཅང་གལ་ཆེ་བ་ཡིན། དགོང་མོ་ཉལ་རྗེས་ལུས་ཀྱི་ཡན་ལག་སོ་སོའི་འགུལ་སྐྱོད་ཇེ་དལ་དུ་སོང་བའི་དབང་གིས་ཁ་ནང་གི་མཆིལ་མའི་ཟགས་ཐོན་གྱི་ཚད་ཇེ་ཉུང་ལ་སོང་བས་འབུ་ཕྲ་སོགས་སྐྱེ་དངོས་ཕྲ་རབ་འཁྲུ་བཤལ་དང་། སྔོན་འགོག་བྱེད་པའི་ནུས་པ་ཇེ་གཉོམ་དུ་འགྱུར་བས། འབུ་ཕྲ་སོགས་སྐྱེ་དངོས་སྐོར་ཞིག་གིས་གོ་སྐབས་འདི་དང་བསྟུན་ནས་སོ་ལ་གནོད་པ་གཏོང་ངེས་ཡིན།

ཁྲེན་ཀྲུང་ཡོན་གྱིས་བརྩམས། ཨ་འཕེལ་གྱིས་བསྒྱུར།

བྲང་ཁོག་དགྱེ་དགྱེ་བྱེད་པ། དེང་རབས་ཀྱི་འཚོ་བའི་གོམ་སྟབས་མགྱོགས་པོ་ཡིན་པས། མི་མང་པོས་ལུས་སྟོད་སྒུར་སྒུར་གྱིས་ཕར་འགྲོ་ན་བྲེལ་འཚུབ་དང་ཚུར་འོང་ནའང་བྲེལ་འཚུབ་བྱེད་ཀྱི་ཡོད་པ་རེད། གནས་ཚུལ་དེ་ལ་གཞིགས་ཏེ་ཨ་མེ་རི་ཁའི་མེ་སུའུ་ལེ་ཀྲུའུ་སློབ་གྲྭ་ཆེན་མོའི་ཆེད་གཉེར་མཁས་པ་ཚོས་ངོས་འཛིན་བྱེད་རྒྱུར། མགོ་བོ་བཀྱགས་པ་དང་བྲང་ཁོག་དགྱེ་དགྱེ་བྱས་ན། མི་དེ་ཉམས་འགྱུར་ལྡན་པ་དང་། གཞན་ལ་ན་ལོ་ཆུང་ཞིང་སྙིང་སྟོབས་རྒྱས་འདང་གི་སྣང་བ་སྟེར་ཐུབ་པར་མ་ཟད། མགོ་བོ་བཀྱགས་ཚེ་སྐེད་ཚིགས་ཀྱི་ན་ཚ་ཇེ་ཡང་དུ་གཏོང་ཐུབ་པ་དང་། བྲང་ཁོག་དགྱེ་དགྱེ་བྱས་ཚེ་སྒལ་ཚིགས་ཀྱི་ཁུར་པོ་ཡང་དུ་གཏོང་ཐུབ་པ་རེད།

རྩོམ་པ་པོ། ཀུན་བཟང་སྒྲོལ་མ། བོད་བསྒྱུར་པ།  དམ་ཆོས་བསམ་འཕེལ།

ཚན་བཤུས་དང་པོ།

 སྔོན་མ་འཆར་གཞི་ཅི་ཞིག་ཡིན་ཡང་གཞན་གྱིས་བཀོད་འདོམས་ཀྱི་འོག་ཏུ་སོང་བའི་རྐྱེན་གྱིས་གནས་ཚུལ་ཁག་ཅིག་ལོག་ལམ་ཏུ་ཕྱིན་ནས་མི་ལེགས་ཤིང་ཐབས་རྡུགས་ཀྱི་ངོ་བོར་གྱུར་པ་རེད། གལ་སྲིད་ལོ་དེར་ངའི་མི་ཚེི་ལ་འགྱུར་བ་ཞིག་བྱུང་མེད་ཚེ། ང་ཕལ་ཆེར་མགྱོགས་མྱུར་གྱིས་ང་ཚོའི་སྡེ་བའི་ཕོ་གསར་ཞིག་དང་མཉམ་དུ་གཉེན་སྒྲིག་བྱས་ཏེ་ངའི་ཕ་མ་གཉིས་སར་སྡོད་དགོས་བྱུང་བ་གཏན་ཁེལ་རེད་ལ། ངའི་མི་ཚེའི་ལྟ་ཚུལ་དང་མཐོང་སྣང་དེའང་སྔོན་མའི་ཤེས་ཚད་དེ་ལས་བརྒལ་མེད་པར་མུ་མཐུད་དུ་དེ་རིང་གི་ཉི་མ་འདི་དང་ངའི་མི་ཚེའི་མཐའ་མཇུག་ཚང་མ་གནས་དེ་རུ་བསྐྱལ་ཡོད་རྒྱུ་རེད། གང་ལྟར། གནས་སྟངས་ག་གེ་མོ་ཞིག་གིས་ངའི་མི་ཚེའི་རྐང་ལམ་ཕྲ་མོ་དེ་གཏམ་རྒྱུད་འཁྲུག་པོའི་ཟློས་གར་བཞིན་གནམ་སའི་སྟེང་འོག་བརྗེས་སོང་།