གསར་སྤེལ་ཟིན་བྲིས།

ཀློག་འཕྲིན།

ཀློག་འཕྲིན། (9)

བྱེས་ཀྱི་གསར་སྐྱེས་རྩོམ་པ་པོ་གཅན་འོད་འབར་གྱིས་ཕུལ་བའི་ཤིས་ཚིག "རྟེན་འབྲེལ་ཤིས་ཚིག" ཅེས་པ།
དམ་ཆོས་བསམ་འཕེལ་གྱིས་ཕུལ་བའི་ཤིས་ཚིག
གཡུ་ཞུན་དྲ་བས་ངེད་དྲ་བ་སྒོ་འབྱེད་ལེགས་འགྲུབ་བྱུང་བར་ཕུལ་བའི་ཤིས་ཚིག
གཟའ་པ་སངས།, 02 /08/ 2013 17:33

ཆང་ས་དྲ་བས་ཕུལ་བའི་ཤིས་ཚིག

ཟིན་བྲིས་པ།
ཆང་ས་དྲ་བས་ཕུལ་བའི་ཤིས་ཚིག་ "འདི་ཡང་རྒྱལ་ཁ་ཞིག་རེད།" ཅེས་པ།
གཟའ་པ་སངས།, 02 /08/ 2013 17:17

གཉན་པོས་ཕུལ་བའི་ཤིས་ཚིག

ཟིན་བྲིས་པ།
རྩོམ་གྱི་ཉིང་བཅུད་བདུད་རྩིའི་རྒྱ་ཆེན་མཚོ།།
ལེགས་པར་འཁྱིལ་བ་རིག་པའི་ལྡིང་ཁང་ཆེ་་་་་
དུས་ཀྱི་ཆར་སྨུག་འཕྱུར་སྟངས་ཀྱིས་ལྷོག་ལྷོག་གདུ་བའི།།
གནས་ཀྱི་ཆར་ཤ་འབབ་སྟངས་ཀྱིས་ཤམ་ཤམ་ཕྱོ་བའི་་་་་་
གཟའ་ཕུར་བུ།, 01 /08/ 2013 13:47

དུར་བྱང་ལགས་ཀྱིས་ཕུལ་བའི་ཤིས་ཚིག

ཟིན་བྲིས་པ།
རལ་གྲིའི་རྩེ་མོར་བཏགས་པའི་ཤིས་ཚིག
...........དུར་བྱང་།
སེམས་ཀྱི་སྦུབས་ལས་གྲོལ་བའི་ཁང་བཟང་འདི།།
དབྱངས་གསལ་སོ་བཞིའི་གཞིས་ཁྱིམ་དྲོན་མོར་ངེས།
སྒྱུ་རྩལ་བླ་རུ་འཕགས་པའི་རྒྱབ་དཔུང་དུ།།
གཏན་དུ་མི་ནུབ་ཡུན་དུ་གནས་པར་མཛོད།།
གཟའ་ལྷག་པ།, 31 /07/ 2013 17:48

ལྷ་ཆབ་སྦྱིན་པས་ཕུལ་བའི་ཤིས་ཚིག

ཟིན་བྲིས་པ།
བོད་ཀྱི་ཟིན་བྲིས་དྲ་བའི་དབུ་འབྱེད་ལ་རྟེན་འབྲེལ་དུ།

སྒྱུ་འཕྲུལ་གཏམ་གྱི་མེ་ལོང་ལ།།
བདེ་སྐྱིད་འཚོ་བའི་བྲོ་བ་ཡོད།།
སྒྱུ་རྩལ་རིག་པའི་རྩེད་འཇོ་ཡི།།
རིན་ཆེན་ནོར་བུ་འདི་ན་སྤུངས།།
བོད་ཀྱི་སྐད་དང་ཡིག་གེའི་ཚེ་སྲོག་ལ།།
ཟིན་བྲིས་དྲ་བའི་ནང་ནས་གསོན་ཤུགས་རྒྱས།།
དེང་གི་བརྡ་འཕྲིན་བཀོལ་སྤྱོད་ཆེ་བའི་སྐབས།།
དུས་དང་བསྟུན་ཏེ་གོམ་པ་སྤོས་པ་ལེགས།།