གསར་སྤེལ་ཟིན་བྲིས།

 བཅར་འདྲི།

བཅར་འདྲི། (11)

སྐུ་ཞབས་རང་སྒྲར་བརྩམས་སྒྲུང་ཐད་ནས་བཅར་འདྲི་ཞུས་པ།
བཅར་འདྲི་མཁན། འབའ་སྨད་རྒྱལ་ལོ་ཚེ་རིང་།
ཉེ་ལམ་ཨ་རིར་གནས་སྡོད་བོད་རིགས་བུད་མེད་ཀུན་བཟང་སྒྲོལ་མ་ལགས་ཀྱིས། མོ་རང་གི་ཀྱག་ཀྱོག་མི་ཚེའི་ལོ་རྒྱུས་དཔེ་དེབ་ ༼ རྡེའུ་འབུམ།༽ཞེས་པ་ཞིག་དཔར་འགྲེམས་བྱས་རྗེས། ཨ་རི་དང་ཡུ་རོབ་ཀྱི་མི་མང་པོ་ཞིག་གིས་དོ་སྣང་བྱེད་ཀྱི་ཡོད་པ་མ་ཟད། བོད་པའི་བརྒྱུད་ལམ་ཁག་ཏུའང་གླེང་སློང་ཤུགས་ཆེན་ཡོང་གི་ཡོད་སྟབས། གསར་འགོད་པས་དཔེ་དེབ་དེ་དང་འབྲེལ་ཏེ་མོའི་མི་ཚེའི་ཤུལ་ལམ་སྐོར་ལ་བཅར་འདྲི་ཞུས་ཡོད།
གཟའ་ལྷག་པ།, 24 /07/ 2013 22:07

གཅན་མེ་སྟག་ལ་བཅར་འདྲི་བྱས་པ།

ཟིན་བྲིས་པ།
༢༠༠༦ལོའི་ཟླ་དང་བོའི་ཚེས༡༥ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་གྱི་སྟེང་ངེད་དྲ་བའི་གསར་འགོད་པ་སྐྱ་བོས་བོད་ཀྱི་སྙན་ངག་པ་གྲགས་ཅན་གཅན་མེ་སྟག་ལགས་ལ་ཁ་པར་གྱི་ལམ་ནས་བཅར་འདྲི་བྱས་ཤིང་ཁོང་གིས་ངེད་དྲ་བའི་ཀློག་མཁན་གྱིས་བཏོན་པའི་དྲི་བར་ལན་བཏབ་སྟེ་རང་གི་གསར་རྩོམ་གྱི་མྱོང་བ་དང་དམིགས་ཡུལ་སོགས་ངོ་གསལ་བོ་སྤྲད། གཤམ་དུ་གསལ་བ་ནི་བཅར་འདྲིའི་ནང་དོན་དངོས་ཡིན་ནོ།།

སྐྱ་བོ། ཁྱེད་རང"མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ"འི"རྩོམ་པ་པོར་བཅར་བ"ཞེས་པའི་ལེ་ཚན་གྱི་སྐུ་མགྲོན་དང་བོར་ཕེབས་པར་ཐུགས་རྗེ་ཆེ་ཞུ།  ཐོག་མར་ཁྱེད་ཀྱིས་རང་གི་གསར་རྩོམ་གྱི་བརྒྱུད་རིམ་ཙམ་ངོ་སྤྲོད་བྱེད་པར་ཞུ།
ཐང་དགེ་འབྲུག་ཐར།  བཀྲ་ཤིས་བདེ་ལེགས།
སྒྲོལ་མ་སྐྱབས།    བཀྲ་ཤིས་བདེ་ལེགས།
ཐང་དགེ་འབྲུག་ཐར།  ཁྱེད་རང་གངས་ལྗོངས་གཞོན་ནུའི་གླེང་སྟེགས་ལ་ཞུགས་དེ་ངེད་ཅག་གི་བཅར་འདྲི་དང་ལེན་བྱས་པར་བཀའ་དྲིན་ཆེ་ཞུ།   ཐོག་མར་ཁྱེད་རང་གླུ་གར་སྒྱུ་རྩལ་གྱི་ལམ་བུར་ཞུགས་པ་ནས་ཀུན་ལ་ཆ་ཡོད་རྒྱུས་ཡོད་དུ་གྱུར་བའི་བརྒྱུད་རིམ་དེའི་སྐོར་གྱི་ཁ་བརྡ་ཐུང་ངུ་ཞིག་བྱས་ན།

སྒྲོལ་མ་སྐྱབས། ཡ།   ང་རང་ཆུང་དུས་ནས་གླུ་གར་ལ་དགའ་མཁན་ཞིག་ཡིན།  ཕལ་ཆེར་རང་གི་ཁོར་ཡུག་དེའི་རྐྱེན་ནམ་མཚམས་གང་ཞིག་ནས་གླུ་གར་ལ་མོས་པ་ང་ལའང་དེ་འདྲའི་གསལ་ཆ་མི་འདུག  གང་ལྟར་སློབ་ཆུང་ནས་བཟུང་དུས་ཆེན་སོགས་ལ་དགེ་རྒན་གྱི་བཀོད་བསྒྲིགས་ལྟར་འདུ་ཚོགས་ནས་ཡིན་མིན་གྱི་གཞས་བཏང་མྱོང༌། དེ་ལྟར་སློབ་འབྲིང་དང་སློབ་ཆེན་བརྒྱུད་པའི་བར་དུ་རང་གི་འཛིན་གྲྭ་དང་སྡེ་ཁག་གི་ཚབ་དུ་གླུ་གར་གྱི་བྱ་འགུལསྣ་ཚོགས་ལ་ཞུགས་མྱོང༌། ད་སྐབས་ཕྱི་འདང་བརྒྱབ་ན་དེ་དག་ཀུན་ངོ་མས་སློབ་མའི་སློབ་ཞོར་གྱི་བྱ་འགུལ་ཙམ་རེད།༩༩ལོར་གཙོས་མི་རིགས་དགེ་ཐོན་སློབ་གྲྭ་མཐར་ཕྱིན་མ་ཐག་རྔ་བ་ཁུལ་ནོར་སྲིད་ལས་ཁུངས་ནས་བྱ་བའི་ལས་ལ་ཞུགས་ཤིང་ཞོར་དུ་གཟི་ཚ་སྡེ་དགུར་སོང་དེ་དངོས་སུ་གླུ་གར་གྱི་ལས་ལ་ཞུགས་པ་ཡིན།  སྐབས་དེར་གཟི་ཚ་སྡེ་དགུ་རུ་ནོར་སྲིད་ལས་ཁུངས་ཀྱིས་བསྒྲུབས་པའི་སྒྱུ་རྩལ་ཚོགས་པ་ཞིག་འདུག  ང་རིམ་བཞིན་དེ་ལ་སོང་དེ་གཞས་གཏོང་བའི་བྱ་བ་གཉེར་ཞིང་དེ་ལྟར་ཆེད་ལས་གཞས་པའི་ཕྱོགས་སུ་འབད་པ་བྱས་པ་ཡིན།  ལོ་ངོ་བཞི་ལ་གཟི་ཚ་སྡེ་དགུ་ནས་གླུ་གར་གྱི་བྱ་བ་གཉེར་ཞིང༌། ༢༠༠༣ལོར་སི་ཁྲོན་མི་རིགས་གླུ་གར་ཚོགས་པའི་གདན་ཞུས་ལྟར་ཁྲི་འདུ་གྲོང་ཁྱེར་ལ་སོང་སྟེ་མི་རིགས་གླུ་གར་ཚོགས་པ་ནས་གཞས་པའི་བྱ་བ་གཉེར་བ་ཡིན། ༢༠༠༦ལོར་ཕྱིར་རང་ཡུལ་ལ་ལོགས་པ་ཡིན།  བྱ་བའི་ལས་ལ་ཞུགས་པ་ནས་ད་ལྟའི་བར་རང་གིས་གོ་སྐབས་བཙལ་དེ་ལོ་རེའི་ཟླ་གཉིས་ཙམ་བེད་སྤྱད་དེ་སི་ཁྲོན་རོལ་དབྱངས་སློབ་གླིང་གི་དགེ་རྒན་འགའ་རེར་བརྟེན་ནས་རང་གི་ཆེད་ལས་ཕྱོགས་ལ་འབད་པ་ཧུར་ཐག་བྱས་མྱོང༌། གང་ལྟར་ད་སྐབས་བོད་ཡུལ་ན་ཚང་མས་ཚོར་བཞིན་པའི་ངའི་གླུ་ངག་གི་བགས་ཆགས་འདིའང་རྨི་ལམ་ཞིག་གི་ཟོལ་གྱིས་ཐོབ་པ་ཞིག་གཏན་ནས་མིན།
གསར་འགོད་པ། རྒན་ཟླ་བ་སྒྲོལ་མ་ལགས། ཁྱེད་བདེ་མོ།

ཟླ་བ་སྒྲོལ་མ།  བདེ་མོ་ཡིན། ཁྱེད་བདེ་མོ།

གསར་འགོད་པ།བདེ་མོ་ཡིན།ཐོག་མར་རྒན་ཁྱེད་ཀྱིས་དག་སྒྲིག་བྱས་པའི་༼ཡུལ་ཤུལ་བོད་རིགས་དམངས་ཁྲོད་ཀྱི་གཞས་བྲོ་གཅེས་བསྡུས༽ཞེས་པའི་ཟེར་སྡེར་ཐོག་མ་ལེགས་འགྲུབ་དང་འགྲེམ་སྤེལ་བྱུང་བར་རྟེན་འབྲེལ་ཞུ། ཡུལ་ཤུལ་ནི་གླུ་གར་གྱི་ཕ་ས་ཞིག་ཡིན་པས་ཁྱོད་རང་གླུ་གཞས་ལ་མཁས་པ་ཞིག་ཡིན་པར་སུས་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ཡིན་མི་སྲིད། ཡིན་ན་ཡང་། ༢༠༡༠ལོར་སྐྱེ་རྒུ་ལ་ས་ཡོམ་ཆེན་པོ་བྱུང་བ་དང་མིའི་ལུས་སེམས་ལ་འཇིགས་སྐྲག་དང་སྡུག་བསྔལ་ཚད་མེད་བཟོས།ལྷག་པར་དུ་རྒྱུ་ལོངས་སྤྱོད་དཔལ་འབྱོར་ཐད་ལ་གྱོང་གུད་ཆེན་པོ་ཐེབས་པའི་མི་སེམས་ཟང་ཟིང་དུ་གྱུར་བའི་གོད་ཆག་གི་ལོ་ཟླའི་ནང་དུ།ཁྱོད་ཀྱིས་མི་སྒེར་གྱིས་འགྲོ་སོང་བཏང་སྟེ་རྩམ་དྲི་དང་མར་དྲི་མ་ཡལ་བའི་ཡུལ་ཤུལ་དམངས་ཁྲོད་ཀྱི་བྲོ་གཞས་དག་སྒྲིག་གི་ལས་ཀ་རླབས་ཆེན་འདི་བསྒྲུབས།ཏག་ཏག་སྐབས་འདི་དང་དུས་འདི་འདྲ་ཞིག་གི་ནང་དུ་ཁྱོད་ལ་ལས་ཀ་འདི་འདྲ་བསྒྲུབ་རྒྱུའི་བསམ་བློ་ཇི་ལྟར་སྐྱེས་པ་ཡིན། ཡང་ན་རྒྱུ་རྐྱེན་གང་ལ་བརྟེན་ནས་ཁྱོད་ལ་ལས་འདི་བསྒྲུབ་པའི་ཀུན་སློང་སྐྱེས་པ་ཡིན།
དྲི་བ། བཀྲ་ཤིས་བདེ་ལེགས། ཐོག་མར་རྒན་ཁྱེད་རང་ངོ་སྤྲོད་ཐུང་ངུ་ཞིག་གནང་རོགས།

ལན། ངའི་མིང་ལ་བསམ་གཏན་རྒྱ་མཚོ་དང་སྨྱུག་མིང་ལ་འབའ་སྲས་ཟེར། མདོ་སྨད་མཚོ་ལྷོ་འབའ་རྫོང་ཁ་སྒང་སྡེ་བར་སྐྱེས། ཆུང་ཆུང་བྱིས་པའི་དུས་སུ་སློབ་གྲྭའི་ར་བ་ནས་ཀ་ཁའི་དབྱངས་དང་འགྲོགས་ནས་འཚར་ལོངས་བྱུང་ཞིང་། ཕོ་གཞོན་དར་མའི་སྐབས་སུ་དགོན་པའི་ཆོས་ར་ནས་འཁོར་བའི་གྲོང་ལ་རྒྱབ་བསྟན་པའི་གྲས་སུ་ཞུགས་ནས་ལོ་ལྔ་ཙམ་འདས། ད་ལྟ་རྒས་ལ་ཉེ་དུས་ནུབ་ཕྱོགས་ཧྥ་རན་སའི་རྒྱལ་ས་ཕེ་རི་སི་ནས་ངལ་རྩོལ་དུ་ རྒྱུག་བཞིན་པ་དང་། འདས་པའི་ལོ་ངོ་བཞི་བཅུའི་རིང་གི་ལམ་བུ་ལ་ཕྱིར་མིག་ཅིག་བལྟས་ཚེ་ངོ་མ་དགོད་ སྤྲོ་བ་ཞིག་དང་ཡ་མཚན་པ་ཞིག་ཀྱང་རེད། བཙན་བྱོལ་ཡང་བྱོལ་དུ་ཕྱིན་པའི་བདག་གི་ལམ་བུ་རེ་རེ་ནས་བདག་གིས་མ་ལས་པ་ཞིག་ཧ་ ལམ་མི་འདུག་སྙམ། སྐབས་རེར་ཆོས་པ་བྱས་མྱོང་ལ་ལན་རེར་ཚོང་བ་བྱས་མྱོང་། ཡང་སྐབས་རེར་དགེ་རྒན་བྱས་མྱོང་ལ་ཡང་ལན་རེར་གཡོག་པོ་དང་སྦྱིན་བདག་ཀྱང་བྱས་ མྱོང་། འདི་ཚང་མ་ང་དང་ངའི་ལོ་རྒྱུས་སུ་འབྲི་ཆོག་པའི་ཡིག་འབྲུ་རེ་རེ་ཡིན།
དྲི་བ། ཐོག་མར་ཁྱོད་ཀྱི་རང་ཉིད་ངོ་སྤྲོད་ཐུང་ངུ་ཞིག་གནང་རོགས།

ལན། ངའི་མིང་ལ་གཏུགས་བྷེ་ཟེར་ཞིང་ང་ནི་ཨ་མདོ་མགོ་ལོག་གི་འབྲོག་ཁུལ་ཞིག་ནས་སྐྱེས་པའི་སྤྱིར་བཏང་གི་མི་ཞིག་ཡིན་ལ། འབྲོག་ཁུལ་ནས་འཚར་ལོངས་བྱུང་སྟེ་ལོ་ན་གཞོན་དུས་སློབ་གྲྭར་འགྲིམ་རྒྱུའི་གོ་སྐབས་མ་བྱུང་བའི་མི་ཞིག་ཀྱང་ཡིན་མོད། རླང་རྟ་རྒྱུགས་ཕྱོགས་ཤིག་གིས་ཕྱི་ལོ་ ༢༠༠༦ རྒྱ་གར་ལ་ཡོང་ཐུབ་པ་བྱུང་བ་དང་སུ་ཇཱ་བོད་ཁྱིམ་སློབ་གྲྭར་ཕྱིན་ཏེ་གོ་སྐབས་ལོ་རིམ་དང་པོ་གཉིས་པ་དང་། སྐབས་ཡིག་ལོ་རིམ་དང་པོ་གཉིས་པ་བཅས་བསྡོམས་པའི་ལོ་ངོ་བཞིའི་རིང་སློབ་སྦྱོང་བྱས་མྱོང་། སུ་ཇཱ་སློབ་གྲྭའི་ལོ་ངོ་བཞིའི་རིང་གི་སློབ་གྲྭའི་འཚོ་བ་ནི་ངས་མི་ཚེ་འདིར་སློབ་སྦྱོང་བྱས་པའི་དུས་ཡུན་ཐུང་ངུ་ཞིག་དང་རྩ་ཆའི་གོ་སྐབས་དེ་ཡང་ཡིན།
ང་བོད་ནང་ཡོད་དུས་ཕྱི་ལོ་ ༢༠༠༦ ལོའི་ལོ་སར་དགོང་ཚོགས་མཐོང་སྨོན་ཞིང་གི་སྤྲོ་འཛོམས་དང་། གླུ་བ་ཤེར་བསྟན་སོགས་དང་མཉམ་དུ་བླངས་པའི་སེམས་ཁོང་གི་བླ་རི། གཞན་ཡང་རྡུང་ལེན་འགྲན་བསྡུར་སྐབས་གཉིས་པ་སོགས་སུ་རྡུང་ལེན་བླངས་མྱོང་། བཙན་བྱོལ་དུ་འབྱོར་རྗེས་ད་ལྟའི་ཆར་སློབ་གྲྭ་དང་ངྷ་ས། རྒྱ་གར་ལྷོ་ཕྱོགས་སོགས་སུ་སོང་སྟེ་རྡུང་ལེན་བླངས་མྱོང་ནའང་། ད་ལྟའི་ཆར་ཆེད་བསྒྲིགས་ལེ་ཚན་སོགས་སུ་གང་ཡང་བླངས་མྱོང་མེད།